དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་ཏུའུ་ལིང་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་གཡང་ནོར་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-01

    2025ལོའི་ཏུའུ་ལིང་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱིས་ཉེ་ཆར་བཀྲ་ཤིས་གཡང་ནོར་ཁྱབ་བསྒྲགས་བྱས་ཤིང་། དེ་ནི་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་འཕྲུལ་མི་སྔོན་པོ་ཞིག་ཡིན་པ་དང་དེའི་མིང་ལ“TO TAG”ཟེར་གྱི་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། “TO”ཡི་གོ་དོན་ནི་འགྲན་ཚོགས་གཉེར་ས་ཏུའུ་ལིང་གི་ས་མིང“Torion”ཡི་བསྡུས་མིང་ཡིན་ཞིང་། “Tag”ཡི་དབྱིན་ཡིག་གི་གོ་དོན་ནི“མཚོན་རྟགས”ཡིན་པ་དང་། དེ་བྱིས་པའི་རྒྱུག་ཤར་དང་། རྗེས་འདེད། ལུས་རྩལ་བཅས་ལའང་གོ་ཡི་ཡོད་མོད། འོན་ཀྱང་འབྲེལ་ལམ་དྲ་བའི་ཁྲོད་མི་གཞན་གླེང་གཞི་ཞིག་ནང་བཅུག་པའི་དོན་ལའང་གོ་ཡི་ཡོད། “TO Tag”ཡིག་ཐོག་ནས“ཏུའུ་ལིང་མཚོན་རྟགས”ལ་གོ་བ་ལེན་ན་འགྲིག

    2025ལོའི་ཏུའུ་ལིང་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དགུན་དུས་ལུས་རྩལ་འགྲན་ཚོགས་དེ་ཏུའུ་ལིང་སོགས་དབྱི་ཐ་ལིའི་གྲོང་ཁྱེར་དྲུག་ལ་སྤེལ་རྒྱུ་ཡིན་པ་དང་འགྲན་བསྡུར་གྱི་དུས་ཚོད་ནི་2025ལོའི་ཟླ་1ཚེས་13ནས་23ཉིན་བར་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།