མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ02ཚེས23ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-02-23 08:22:29   |   135

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ2པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་ཀོ་ཡི་ཙུང་ཐུང་ས་སུའུ་དང་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུས།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཉེ་ཆར《“འཕྲིན་ཡིག་གཅིག་དང་ཡིག་ཆ་གཉིས”ཀྱི་ལམ་ལུགས་སྤྱད་དེ་ངལ་རྩོལ་པའི་ཁེ་དབང་འགན་ལེན་བྱེད་པའི་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་།

  • ཞིང་ལས་དང་གྲོང་གསེབ་པུའི་ཁྱབ་བསྒྲགས་གསར་ཤོས་ལ་གཞིགས་ན། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་ཕན་འབྲས་ཏན་ཏིག་ཐོབ་པ་དང་། དབུས་ནུབ་རྒྱུད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་གྲུབ་འབྲས་སྲ་བརྟན་གཏོང་བའི་ལས་འགན་ཡོད་པའི་ཞིང་ཆེན22ཚང་མས་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་བཙུགས་ཡོད།

  • ཀྲུང་གོའི་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན ། 2023ལོར་རང་རྒྱལ་གྱི་ཡང་བའི་བཟོ་ལས་ཀྱི་ཁེ་སྤོགས་སྒོར་དུང་ཕྱུར་ཁྲི1.4ཟིན་ཞིང་དུས་མཚུངས་ལས3.8%འཕར་ཡོད།

  • ད་ལོའི་ཟླ་དང་པོར་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི32876ཟིན་ཞིང་དུས་མཚུངས་ལས39.3%འཕར་ཡོད།

    ༡1.jpg

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ནང་གི་གནས་སྐོར་བ་དཔྱིད་གསར་དུས་ཆེན་རིང་གནས་སྐོར་དུ་སོང་བའི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར6326.87ཟིན་ཞིང་དུས་མཚུངས་ལས47.3%འཕར་ཡོད།

  • ཚེས22ཉིན་རྒྱང་སྐྱོད་ཨང་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཧའེ་ནན་དུ་འབྱོར་ཞིང་། དེ་ནས་སྐྱ་ཟམ་ཨང་གཉིས་པའི་བར་མཐུད་སྲུང་སྐར་འཕེན་གཏོང་ལས་འགན་སྒྲུབ་རྒྱུ་རེད།

  • ཚེས22ཉིན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་པུ་ཡིས་གསལ་བསྒྲགས་སྤེལ་དོན། རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ལས་ཅ་ཧྲ་ས་ཁུལ་གྱི་མི་ཁྲི2.94ལྷག་ཙམ་རྐྱེན་ལམ་དུ་ཤོར།

    སྤྱི་ཚོགས།

༢.png

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་གྲང་འཁྱགས་ཀྱི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས། དེ་རིང་ཨན་ཧུའེ་དང་ཅང་སུའུ། ཀྲེ་ཅང་། ཧུའུ་པེ། ཧུའུ་ནན། ཅང་ཞི། ཀུའེ་ཀྲོའུ། ཁྲུང་ཆིང་སོགས་ས་ཁུལ་ཁ་ཤས་སུ་འཁྱགས་ཆར་དང་འཁྱགས་རིལ་ཡོད་པ་དང་། འཁྱགས་ཚད་ཧའོ་སྨི1-5དང་། ས་ཁུལ་ཁ་ཤས་སུ་ཧའོ་སྨི10ཡས་མས་ཡོད།

  • ཚེས22ཉིན་ཀོང་ཀྲོའུ་ལི་ཤིན་ཧྲ་ཟམ་ཆེན་ལ་གྲུ་གཟིངས་ཀྱིས་ཁ་ཐུག་བརྒྱུབ་པའི་དོན་རྐྱེན་ཁྲོད་མི5རྐྱེན་ལམ་དུ་ཤོར།

  • ཟླ2པའི་ཚེས10ནས་ཚེས21བར། ཀུའེ་ཀྲོའུ་ཞིང་ཆེན་ཡོངས་སུ་ནགས་ཚལ་གྱི་མེ་སྐྱོན221བྱུང་བ་དང་། མིག་སྔར་མེ་ཚང་མ་བསད་ཟིན།

  • ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་གཞོན་པའམ་ཀུའེ་ཀྲོའུ་ཞིང་ཨུའི་དེ་སྔའི་ཧྲུའུ་ཅི་སུན་ཀྲེ་ཀང་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།

  • དམངས་སྲིད་པུས་ཕན་བདེའི་རྒྱན་ཤོག་གི་བྱ་དགའ་ཆེན་པོ་སྒོར་དུང་ཕྱུར2.2ཅན་གྱི་གནས་ཚུལ་སྐོར་གྱི་བརྡ་ཁྱབ་བཏང་། དུས་ཐེངས་དེའི་རྒྱན་ཤོག་གི་ལས་དོན་ཁག་ཚང་མ་སྒྲིག་སྲོལ་དང་མཐུན་པའི་གཏན་འཁེལ་བྱས།

  • ཚེས22ཉིན་ནས་བཟུང་ཧོ་པེ་དང་།  ཧྲན་ཏུང་། ཅང་སུའུ། ཅང་ཞི། ཧོ་ནན་སོགས་སུ་མཐོ་སློབ་མཐར་ཕྱིན་སློབ་མའི་ཆེད་དོན་ཞབས་ཞུའི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་དང་། ས་གནས་ཁག་གི་མི་སྤྱོད་ཚན་པས་ལག་རྩལ་དང་།  དོ་དམ། ཞབས་ཞུ་སོགས་ཁྱབ་ཁོངས་མང་པོའི་ལས་གནས་མཁོ་འདོན་བྱས།

    ༣.jpg

  • ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་འོད་རིག་པའི་ཞིབ་ཚགས་འཕྲུལ་ཆས་ཞིབ་འཇུག་སུའོ་ཡིས“རིམ་འདས་འོད་སྡེར”ཞིབ་བཟོ་བྱས་པ་དང་གསོག་འཇོག་ཤོང་ཚད་ནི་འོད་སྡེར་དཀྱུས་མའི་ལྡབ་ཁྲི་དང་སྤྱིར་བཏང་གི་སྲ་སྡེར་གྱི་ལྡབ་བརྒྱ་ལྷག་ཙམ་ཡིན།

  • ཚེས22ཉིན། 2024ལོའི་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་ཁྲོད། ཀྲུང་གོའི་བུད་མེད་རུ་ཁག་དང་སྐྱེས་པའི་རུ་ཁག་སྔ་རྗེས་སུ་ཧན་གོའི་བུད་མེད་རུ་ཁག་དང་འཇར་པན་གྱི་སྐྱེས་པའི་རུ་ཁག་ལས་རྣམ་པར་རྒྱལ་ནས་རྩེ་གྲ་བཞིའི་ཁྲོད་དུ་ཚུད། 

  • ནང་སོག་ཧུའུ་ཧོ་ཧའོ་ཐེ་ཉེན་རྟོག་ཕྱོགས་ཀྱིས“གྲོགས་པོ་སྒྲིག་པ་དང་དུས་ཆད”ལ་ཁ་གཡར་ནས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གཏོང་བའི་གྱོད་གཞི་ཞིག་མྱུལ་ཞིབ་བྱས་ཤིང་། ཉེས་གསོག་དོགས་ཅན40བཟུང་བ་དང་ཚོགས་པ་དེས་ལོ་ཕྱེད་རིང་སྒོར་དུང་ཕྱུར1.4ལྷག་ཙམ་མགོ་སྐོར་བཏང་། 

    ༤.png

  • ཉེ་ཆར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཆུ་བྱ་ནག་པོ22ཀོང་ཞི་ཧྥུ་ཁྲོན་དུ་མངོན།

    སྲིད་ཇུས།

  • སི་ཁྲོན་གྱིས་གྲོང་གསེབ་ཀྱི་གྲོང་མིར་ཡོད་པ་མ་ཟད་གཙོ་བོ་གྲོང་གསེབ་ས་ཁུལ་དུ་སྤྱོད་པའི་སྦག་སྦག་དང་། འཁོར་གསུམ་རླངས་འཁོར། མྱུར་ཚད་དམའ་བའི་ཟོག་འདྲེན་རླངས་འཁོར་བཅས་ལ་འཁོར་གྲུའི་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན།

  • ཀོང་ཀྲོའུ་ཡིས་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་དང་སྡེ་ཁུལ་གྱི་རྒན་གསོ་བཅོལ་སོགས་འཛུགས་སྐྲུན་རྣམ་གྲངས་ཚང་མར་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་ཚང་བའི་གྲོན་དངུལ་རྩ་ཆག་གཏོང་རྒྱུའི་རེ་ཞུ་བྱེད་ཆོག་པ་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

5.jpg

  • ནུབ་བྱང་གི་ས་ཁུལ་མང་ཆེ་བ་དང་། བོད་ལྗོངས་ཀྱི་ཤར་རྒྱུད།  ཁྲོན་ནུབ་ས་མཐོའི་དབུས་བྱང་རྒྱུད། ཧྲན་ཞིའི་དབུས་ལྷོ་རྒྱུད། ཧོ་ནན་གྱི་ས་ཆ་མང་ཆེ་བ། ཅང་ཧན། ཅང་ཧུའེ། འབྲི་ཆུའི་ལྷོ་རྒྱུད་དང་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་བོད་ལྗོངས་ཀྱི་ཤར་རྒྱུད་དང་། མཚོ་སྔོན་གྱི་ལྷོ་རྒྱུད། ཧུའུ་པེའི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་གྱི་ས་ཁུལ་ཁག་གཅིག་ལ་ཁངས་ཆེན་དང་ས་ཁུལ་ལ་ལར་ཁངས་ཆག་བྱུང་རྒྱུ་རེད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད་དང་། སི་ཁྲོན་གཤོངས་ས། ཧྭ་ནན་གྱི་ས་ཆ་མང་ཆེ་བ། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་བྱང་རྒྱུད་དང་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་ཡོད་པ་དང་། དེའི་ནང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཡུན་ནན་གྱི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པ་དང་། ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།