དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཀོན་ཆུས་གསང་ཡིབ་སྡེ་ཁུལ་གྱི་འབྱོར་ཐོ་གཉིས་བཀོད་དང་བླངས་ཞབས་ཞུ་བས་ལྗོན་ཤིང་གི་ཁོག་བརྗེ་ས་སྣོན་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-16

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱིས་ལྗང་སྲུང་རྒྱན་སྣོན—ལྗོན་ཤིང་གི་ཁོག་བརྗེ་ས་སྣོན་བྱེད་སྒོ་སྤེལ་བར་ཚན་པ་12ཀྱི་ཏང་ཡོན་24ཡིས“འབྱོར་ཐོ་གཉིས་འགོད་དང་བསགས་སྐར་གཉིས་ཐོབ”ལས་སྟེགས་ཐོག་མིང་ཐོ་བཀོད་རྗེས། གསང་ཡིབ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་སུ་བསྐྱོད་དེ་བྱེད་སྒོར་ཞུགས་པ་རེད།

    འབྱོར་ཐོ་གཉིས་བཀོད་ཏང་ཡོན་དང་བླངས་པ་ཚོས་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ཀྱི་ལྗོན་ཤིང་ཕྱིར་སྤོས་ནས་རྩི་ཤིང་སྡོང་རྐང་གི་སྐྱེ་འཚར་མྱུར་ཚད་དང་ཟུང་འབྲེལ་བྱས་ཐོག་ཁོག་མའི་ནང་གི་ས་རྒྱུ་དང་རྩི་ཤིང་སྡོང་རྐང་གི་རྩྭ་བ་སོགས་ཀྱི་ཐད་གནད་དོན་ཐོན་རིགས་ལ་ཁོག་སྔོག་ཁོག་བརྗེ་བྱས་པ་རེད། བྱེད་སྒོར་ཚན་པ་མི་འདྲ་བ་ནས་ཡོང་བའི་དང་བླངས་པ་ཚོས་ལས་བགོས་མཉམ་ལས་དང་ཕན་ཚུན་རོགས་རེས་བྱས་ནས། ས་སྤོ་ཆུ་རྒྱག་ཁོག་བརྗེ་སོགས་ཀྱི་ལས་ཀ་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ཀྱི་རྩི་ཤིང་སྡོང་རྐང་སྐྱེ་འཚར་ཡག་པོ་བྱུང་ནས། དང་བླངས་སྙིང་སྟོབས་Vས་ཚིགས་སུ་ནམ་ཡང་གནས་ཐུབ་སྟེ། ལས་ཐོག་ཏང་ཡོན་ཚོ་སྡེ་ཁུལ་དང་བླངས་བྱེད་སྒོར་ཞུགས་པར་འཕེལ་རྒྱས་ཀྱི་བར་མཐོངས་མཁོ་འདོན་བྱས་ཡོད། གོམ་སྟབས་རྗེས་མར། གསང་ཡིབ་སྡེ་ཁུལ་གྱིས“དྲ་ཐོག་ཐོ་འགོད”ལས་སྟེགས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས། ལས་ཐོག་ཏང་ཡོན་གྱིས་སྡེ་ཁུལ་དུ་འབྱོར་ཐོ་འགོད་པའི་ཞབས་ཞུ་སྔར་བས་ཚད་ལྡན་ཅན་དང་། རྒྱུན་རྣམ་ཅན། ཆེད་ལས་ཅན། ཁྱད་ཆོས་ཅན་བཅས་སུ་འགྱུར་བར་བྱས་ཏེ། སྡེ་ཁུལ་གྱི་སྒྲིག་འཛུགས་ནུས་པ་དང་། གོང་བུ་འགྲིལ་ནུས། ཤུགས་རྐྱེན་ཐེབས་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།