དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་འཛུགས་ལས་དོན་དམ་འཛིན་གྱིས། ཞབས་ཞུ་ཀུན་ཁྱབ་ཕན་འབྲས་ཆེ།

    —— ཏང་འཛུགས་སྐྱོང་ལ་བརྟེན་ནས་རང་ལྗོངས་ཀྱི་གསར་གཉིས་རྩ་འཛུགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-12

    2023ལོར་རང་སྐྱོང་ལྗོངས་ཏང་ཨུད་གསར་གཉིས་ལས་དོན་ཨུ་ལྷན་གྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་གསར་གཉིས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གསར་གཉིས་རྩ་འཛུགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ཆབ་སྲིད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།

    2023ལོར་རང་སྐྱོང་ལྗོངས་ཏང་ཨུད་གསར་གཉིས་ལས་དོན་ཨུ་ལྷན་གྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་བ་དང་སྦྱོང་སྤྱོད་ཟུང་འབྲེལ་བྱས་པ་བརྒྱུད། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ནས་གསར་གཉིས་རྩ་འཛུགས་ཀྱི་ཏང་ཡོན་དང་ལས་བྱེད་པར“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་སློབ་གསོ་ཁྲིད་སྟོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་རབ་དང་རིམ་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་ཡོད།

    ལོ་གཅིག་རིང་། རང་སྐྱོང་ལྗོངས་རིམ་པའི་གསར་གཉིས་རྩ་འཛུགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དང་། ཏང་གི་སྒྲིག་ཡིག 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་བཤུས་བསྒྲིགས》སོགས་སློབ་སྦྱོང་གི་དཔྱད་ཡིག་280ལྷག་ཙམ་སྤྲད་ཡོད། 《ལྗོངས་ཡོངས་ཀྱི་གསར་གཉིས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལག་བསྟར་ཇུས་གཞི》བཟོས་ཏེ། ལྗོངས་ཡོངས་ཀྱི་གསར་གཉིས་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་ཚོགས་འདུ་འཚོགས་ཡོད། སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན་གྱི་སློབ་གསོའི་ལས་སྟེགས་དང་སྐད་འཕྲིན་སྤྱི་རྟགས་སོགས་དྲ་ཐོག་གི་སློབ་སྦྱོང་ཐོན་ཁུངས་གང་ལེགས་སྤྱད་དེ་གསར་གཉིས་རྩ་འཛུགས་ཀྱི་ཏང་ཡོན་སྒྲིག་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་དགོངས་པ་གསར་པ་དང་། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་སློབ་སྦྱོང་གཏིང་ཟབ་བྱས་ཡོད། མིག་སྔའི་བར། རང་སྐྱོང་ལྗོངས་རིམ་པའི་གསར་གཉིས་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གཅིག་སྡུད་སློབ་སྦྱོང་ཐེངས་24བྱས་པར་མི་ཐེངས་1200ལྷག་ཙམ་ཞུགས་པ་དང་། ཆེད་དོན་བགྲོ་གླེང་སློབ་སྦྱོང་ཐེངས་5བྱས་པར་མི་ཐེངས་260ལྷག་ཙམ་ཞུགས་པ། ཆེད་དོན་ཏང་གི་སློབ་ཚན་ཐེངས་7ཁྲིད་པར་མི་ཐེངས་160ལྷག་ཙམ་ཞུཌ་ཡོད།

    ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འདྲེས་བྱེད་ནུས་ཆེ་རུ་བཏང་བ།

    རང་སྐྱོང་ལྗོངས་ཏང་ཨུད་གསར་གཉིས་ལས་དོན་ཨུ་ལྷན་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་མཉམ་འདྲེས་བྱེད་ཚད་མཐོ་རུ་གཏོང་བ་དམིགས་ཚད་དུ་བྱས་ཏེ། ཏང་འཛུགས་སྐྱོང་གི་ལས་དོན་དང་ལས་སྒོའི་ལས་དོན་མཉམ་འདྲེས་གཏིང་ཟབ་ཐུབ་པར་གསར་གཏོད་སྐུལ་འདེད་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་ལེགས་འདེམས་ཧྲག་སྒྲིག་བྱེད་པ་དང་། ཏང་ཡོན་ལ་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་དོན་གསར་གཏོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་བྱེད་ནུས་དང་གོང་བུ་འགྲིལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    ཏང་གི་རྩ་འཛུགས་དང་ལས་དོན་ཁྱབ་པའི་འགག་སྒྲོལ་བྱ་སྤྱོད་སྤེལ་ཞིང་། དུས་ཚིགས་རེར་རྒྱུན་རྣམ་ཅན་གྱི་ལེབ་བཤེར་བྱས་ཏེ་གནས་ཚུལ་བརྡ་ཁྱབ་བཏང་ནས་འགན་འཁྲི་དོན་འཁྱོལ་ལ་ལྡོག་སྐུལ་བྱས་ཡོད། མིག་སྔའི་བར། ལྗོངས་ཡོངས་སུ“ཡོད་པ་གསུམ”གྱི་ཚད་གཞི་དང་མཐུན་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཏང་རྩ་འཛུགས་ཁྱབ་ཚད་84.91%ཟིན་པ་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་ཁེ་ལས་ཏང་རྩ་འཛུགས་ཁྱབ་ཚད་80.83%ཟིན་པ། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་94.53%ཟིན་པ། དམངས་གཉེར་སློབ་གྲྭའི་ཏང་རྩ་འཛུགས་ཁྱབ་ཚད་98.46%ཟིན་པ། མཚམས་སྦྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་92.77%ཟིན་པ། མྱུར་སྐྱེལ་དང་། མངག་སྐྱེལ། དྲ་འབོད་རླངས་འཁོར་བཅས་ལས་རིགས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་14.14%ཟིན་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཁྲིད་སྟོན་པ་འདེམས་མངག་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོས་ནས་བཏོན་ཏེ། སྔ་རྗེས་སུ་གསར་གཉིས་རྩ་འཛུགས་ལ་ཏང་འཛུགས་སྐྱོང་ལས་དོན་གྱི་ཁྲིད་སྟོན་པ་1078འདེམས་མངག་བྱས་ཡོད། འགན་ཁུར་བ་དང་དོ་དམ་རིམ་པའི་ཁྲོད་ནས་འདེམས་སྒྲུག་བྱེད་པ་དང་གོང་རིམ་ཏང་རྩ་འཛུགས་ཀྱིས་སྤྱི་འདོམས་འདེམས་མངག་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་དོན་ལས་དོན་པ་ཁྱོན་1785འདེམས་གཏོང་བཀོད་སྒྲིག་བྱས་ཡོད།

    དཔེ་སྟོན་འཛུགས་གཏོད་ཧུར་ཐག་བྱས་ནས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བ།

    རང་སྐྱོང་ལྗོངས་ཏང་ཨུད་གསར་གཉིས་ལས་དོན་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི“སྟོབས་ཆེ་གཉིས་དང་ལེགས་པོ་དྲུག”གི་གསར་གཉིས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཏང་ཡོན་གྱི“ཐོབ་ཐང་དང་། འགན་འཁྲི། ཁས་ལེན་བཅས་གསལ་སྟོན”གྱི་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་ཏང་ཡོན་གྱི་དཔེ་སྟོན་ལས་གནས་དང་། ཏང་ཡོན་གྱི་འགན་འཁྲི་ཁུལ། ཏང་ཡོན་འཕྲལ་སྒྲུབ་རུ་ཁག་སོགས་ཀྱི་བྱེད་ཐབས་ཁྱབ་གདལ་བཏང་སྟེ། ཏང་རྩ་འཛུགས་ཀྱིས་འགན་འཁྲི་གཙང་སྒྲུབ་བྱས་ནས་སྔོན་ཐོན་གཏོད་པ་དང་རྒྱ་ཆེའི་ཏང་ཡོན་གྱིས་ལས་གནས་སུ་ཕུལ་བྱུང་བརྩོན་ལེན་བྱེད་པར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། གསར་གཉིས་ཏང་ཡོན་གྱི་གདོང་ལེན་ལས་གནས་425བཀོད་སྒྲིག་བྱས་ཏེ“ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བའི”བྱེད་སྒོ་ཐེངས་110སྤེལ་བ་དང་། ཏང་ཡོན་འཕྲལ་སྒྲུབ་རུ་ཁག་80བཙུགས་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་240ལྷག་ཙམ་སྤེལ་བ་དང་ཆབས་ཅིག མ་དངུལ་སྒོར་ཁྲི་287.68དོན་འཁྱོལ་བྱས་ནས་མང་ཚོགས་ལ་དཀའ་ངལ་དངོས་278ཐག་གཅོད་བྱས་ཡོད། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་བཅོས་སྒྲིག་བྱེད་པའི་ལས་དོན་ལེགས་པར་སྤེལ་ནས། ལྗོངས་ཡོངས་ཀྱི་གསར་གཉིས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ལ་ཡུལ་དངོས་སུ་མཐིལ་རྟོགས་གྲལ་བཤེར་བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་རྩ་འཛུགས་6དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་1གནད་སྨིན་གཏན་འཁེལ་བྱས་པ་དང་འབྲེལ། རེ་རེ་བཞིན་ལ་རྩིས་ཁྲ་བཟོ་བ་དང་བཅོས་སྒྲིག་ལས་དོན་གྱི་ཇུས་གཞི་བཟོ་བར་མཛུབ་ཁྲིད་བྱས་ནས། བཅོས་སྒྲིག་དང་ཆུ་ཚད་མཐོ་རུ་གཏོང་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།