ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

དཔྱིད་གསར་རིང་འགྲུལ་བཞུད་མི་ཐེངས་དུང་ཕྱུར་90ཟིན་རྒྱུ་ཡིན་པ།

2024-01-18 15:05:00     责编:娜科

སྤྱི་ཟླ་1པོའི་ཚེས་16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གདན་ཞུ་བྱས་པ་དང་། འགན་འཁུར་བ་དེས་སྤྱི་ལོ་2024ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་བབ་དང་ལས་དོན་བཀོད་སྒྲིག་ངོ་སྤྲོད་གནང་བ་རེད། 

སྔོན་དཔག་བྱས་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་རྒྱལ་ཡོངས་སུ་ས་ཁོངས་བརྒལ་བའི་འགྲུལ་བཞུད་མི་ཐེངས་དུང་ཕྱུར་90ཟིན་བཟོ་ཡོད། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་ཚོད་སྤྱི་ཟླ་1པོའི་ཚེས་26ཉིན་ནས་སྤྱི་ཟླ་3པའི་ཚེས་5ཉིན་བར་ཡིན་པ་དང་། ཁྱོན་ཉིན་40ཡིན་པ་རེད། 

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་གཞོན་པ་ལི་དབྱང་གིས།  ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་སྤྱི་ཚོགས་ཡོངས་སུ་ས་ཁོངས་བརྒལ་བའི་འགྲུལ་བཞུད་མི་སྣས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་རེད། སྔོན་དཔག་བྱས་ན།  དུས་ཡུན་ཉིན་40ཡི་རིང་ཡུལ་སྐོར་དུ་འགྲོ་བ་དང་།  གཉེན་ཉེ་ཐུག་པར་འགྲོ་བ།  སྤྲོ་གསེང་ལ་འགྲོ་བ་སོགས་ཀྱིས་མི་ཐེངས་དུང་ཕྱུར་90ལྷག་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་རེད།  གཞན་ཡང་།  ད་ལོའི་དཔྱིད་གསར་སྐྱེལ་འདྲེན་ལ་གྲུབ་གཞིའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་སྟེ། ལྕགས་ལམ་དང་། གཞུང་ལམ།  དམངས་སྤྱོད་མཁའ་འགྲུལ།  ཆུ་ཐོག་སྐྱེལ་འདྲེན་བཅས་ཚུད་པའི་སྲོལ་རྒྱུན་སྐྱེལ་འདྲེན་གྱིས་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་18ཟིན་རྒྱུ་དང་།  ལྷག་མ་80%རྣམས་རང་སོའི་རླངས་འཁོར་བཏང་ནས་འགྲོ་རྒྱུ་ཡིན་ཞིང་།  དེས་ཀྱང་འགྲུལ་བཞུད་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་རེད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ།

སྒྲིག་སྒྱུར། མིག་དམར་རྒྱ་མཚོ།  

འཛམ་གླིང་སྐར་ཁུངས།

ཨ་རི་དང་དབྱིན་ཇིས་རྒྱལ་ཁབ་འདིར་འཇབ་རྒོལ་བྱས་འདུག

ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཨ་རིའི་དཔོན་རིགས་ཀྱིས། ཨ་རི་དང་དབྱིན་ཇིས་ཡེ་མེན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་དང་འབྲེལ་བ་ཡོད་པར་དམིགས་ནས་རྡུང་རྡེག་གཏོང་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

中央广播电视总台 央广网 版权所有

དཔྱིད་གསར་རིང་འགྲུལ་བཞུད་མི་ཐེངས་དུང་ཕྱུར་90ཟིན་རྒྱུ་ཡིན་པ།

སྔོན་དཔག་བྱས་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་རྒྱལ་ཡོངས་སུ་ས་ཁོངས་བརྒལ་བའི་འགྲུལ་བཞུད་མི་ཐེངས་དུང་ཕྱུར་90ཟིན་བཟོ་ཡོད། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་ཚོད་སྤྱི་ཟླ་1པོའི་ཚེས་26ཉིན་ནས་སྤྱི་ཟླ་3པའི་ཚེས་5ཉིན་བར་ཡིན་པ་དང་། ཁྱོན་ཉིན་40ཡིན་པ་རེད།