མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཉེན་རྟོག་པར་ངོ་རྒོལ་བྱས་པས་ཟླ5ལ་བཀག་ཉར་བྱས།

སངས་བཀྲ།  2024-01-15 10:35:22 

ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཉེན་རྟོག་པར་ངོ་རྒོལ་བྱས་པའི་གྱོད་གཞིར་ཞིབ་གཅོད་བྱས་ཏེ། གཏུག་ཡུལ་མཱ་ཆེ་གེ་མོས་གཞུང་དོན་ལ་གཏོར་བརླག་བྱས་པའི་ནག་ཉེས་བསགས་པར་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་བཅད་དེ་ཟླ5ལ་བཀག་ཉར་བྱས།


གྱོད་དོན་གྱི་གནས་ཚུལ།

2023ལོའི་ཟླ2པའི་ཚེས8ཉིན་གྱི་ཆུ་ཚོད10ཡས་མས་སུ། མིན་ཡོན་རྫོང་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་མཱ་ཆེ་གེ་མོ་དང་། ལས་རོགས་ཉེན་རྟོག་པ་ལིན་ཆེ་གེ་མོ་དང་ལི་ཆེ་གེ་མོ་གསུམ་གྱིསG338ལམ་དུ་འགགས་འདུག་པའི་རླངས་འཁོར་ལ་ཁྲིད་སྟོན་བྱེད་སྐབས། གཏུག་ཡུལ་མཱ་ཆེ་གེ་མོ་དང་ཁ་རྩོད་བྱུང་ནས་འགྲིམ་འགྲུལ་ཉེན་རྟོག་པར་དམའ་འབེབས་ཀྱི་སྐད་ཆ་བཤད་དེ་ཕུད་རྒྱག་བྱས་ཤིང་། ཁ་པར་གྱིས་ཉེན་རྟོག་པ་མཱ་ཆེ་གེ་མོ་སོགས་མི་གསུམ་བརྙན་བླངས་ལ། ལས་རོགས་ཉེན་རྟོག་པ་ལིན་ཆེ་གེ་མོ་དང་ལི་ཆེ་གེ་མོ་གཉིས་ཀྱིས་ཚོད་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད། མཱ་ཆེ་གེ་མོས་ངོ་རྒོལ་བྱས་པར་མ་ཟད། ཁུ་ཚུར་གྱིས་ལིན་ཆེ་གེ་མོ་དང་ལི་ཆེ་གེ་མོར་བརྒྱབ་པ་དང་། རྗེས་སུ་མང་ཚོགས་ཀྱིས་བར་བཀག་པ་རེད། གསལ་འབྱེད་བྱས་པ་ན། ལིན་ཆེ་གེ་མོའི་མི་ལུས་ལ་རྨས་སྐྱོན་ཕོག་ཚད་ནི་ཆེས་ཡང་མོ་རེད།


ཁྲིམས་ཁང་གི་ཞིབ་གཅོད།

མིན་ཡོན་རྫོང་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་རྗེས། གཏུག་ཡུལ་མཱ་ཆེ་གེ་མོས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྣང་མེད་དུ་བཞག་ནས་གཞུང་དོན་ལག་བསྟར་བྱེད་བཞིན་པའི་ལས་རོགས་ཉེན་རྟོག་པར་ངོ་རྒོལ་བྱས་ཏེ། ཉེན་རྟོག་པ་གཅིག་ལ་རྨས་སྐྱོན་ཆེས་ཡང་མོ་བཟོས་ཤིང་། གཞུང་གཏུག་ལས་ཁུངས་ཀྱིས་ཉེས་བགྲང་བྱས་པའི་ཉེས་གསོག་དོན་དངོས་གསལ་པོ་ཡིན་ལ། དཔང་རྟགས་ཁུངས་བཙན་ཞིང་ཆ་ཚང་ཡིན་པས། གཞུང་དོན་ལ་གཏོར་བརླག་བྱས་པའི་ནག་ཉེས་ལྟར་ཉེས་དོན་འགན་འཁྲི་རྩད་གཅད་དགོས་པའི་ཐག་བཅད། གཏུག་ཡུལ་མཱ་ཆེ་གེ་མོས་གྱོད་གཞིའི་གནས་ཚུལ་དངོས་ལ་གཞིགས་ནས་རང་འཐད་ཀྱིས་ཉེས་སྐྱོན་ངོས་ལེན་དང་། རང་འགུལ་གྱིས་གནོད་འཚེ་ཐེབས་མཁན་གྱི་སྨན་བཅོས་གྲོན་དངུལ་ལ་སྐྱིན་ཚབ་འཇལ་ནས་གནོད་འཚེ་ཐེབས་མཁན་གྱི་གུ་ཡངས་ཐོབ་པས། གོང་སྨོས་ཀྱི་དཔྱད་མཚམས་བཏང་།

རྩོམ་སྒྲིག་པ། སངས་བཀྲ།