ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

གྱོད་འབྲེལ་དངུལ་སྒོར་དུང་ཕྱུར་90ལས་བརྒལ་བའི་གྱོད་གཞི་རྩད་ཆོད་པ།

2023-12-11 15:43:00     责编:桑吉卓玛

སྤྱི་བདེ་པུས་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་དང་མཉམ་དུ་དངུལ་འཛིན་ཁྱབ་ཁོངས་ཀྱི་གཙོ་གནད་གྱོད་གཞི་གཅིག་སྡུད་ཐོག་མཇུག་བསྡུའི་བྱ་སྤྱོད་སྤེལ་བ།

དངུལ་འཛིན་དང་དུས་བཅད་ཚོང་ཟོག་གི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་སྔར་བས་རྡུང་རྡེག་ཚ་ནན་གཏོང་ཆེད། ཉེ་ཆར། སྤྱི་བདེ་པུས་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་དང་མཉམ་དུ་འབྲེལ་ཡོད་ས་གནས་སྤྱི་བདེ་ལས་ཁུངས་ཀྱིས་དངུལ་འཛིན་ཞིབ་བཤེར་སྡེ་ཚན་དང་མཉམ་འབྲེལ་ཐོག་དངུལ་འཛིན་ཁྱབ་ཁོངས་ཀྱི་གཙོ་གནད་གྱོད་གཞི་གཅིག་སྡུད་ཐོག་མཇུག་བསྡུའི་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཡོད་ཅིང་། ནང་ཁོངས་ཉོ་ཚོང་དང་དངུལ་འཛིན་དང་དུས་བཅད་ཚོང་ཟོག་གི་ཁྲོམ་རར་ཁ་ལོ་ངན་པ་སྒྱུར་བའི་གྱོད་གཞི་མང་པོ་ཞིག་རྩད་ཆོད་ཡོད། དོགས་ཡོད་ཉེས་གསོག་པ་50ལྷག་ཙམ་འཛིན་བཟུང་བྱས་པ་དང་། ལག་ཐོགས་ཁ་པར་དང་གློག་ཀླད་སོགས་གྱོད་གཞི་བཟོ་བའི་གློག་རྡུལ་སྒྲིག་ཆས་180ལྷག་ཙམ་ཞིབ་བཤེར་གཞུང་བཞེས་བཏང་བ། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་90ལས་བརྒལ་བ། དངུལ་འཛིན་ཐད་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཉེས་གསོག་ཚོགས་པ་མང་པོ་ཞིག་ཐེངས་གཅིག་ལ་རྩ་མེད་བཟོས་ཡོད། བྱ་སྤྱོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་མ་རྩའི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་མ་འཇོག་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐུབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐལ་བཟང་བདེ་སྐྱིད།
སྒྲིག་སྒྱུར། ལྷ་སྟག་མཚོ།

འཛམ་གླིང་སྐར་ཁུངས།

ཕ་དབྱི་ཕྱོཊ་གཉིས་པོས་དམག་མཚམས་འཇོག་པའི་དུས་ཡུན་ནར་འགྱངས་བཏང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་7པར། ཧ་མ་སི་དང་དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་པའི

中央广播电视总台 央广网 版权所有

གྱོད་འབྲེལ་དངུལ་སྒོར་དུང་ཕྱུར་90ལས་བརྒལ་བའི་གྱོད་གཞི་རྩད་ཆོད་པ།

སྤྱི་བདེ་པུས་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་དང་མཉམ་དུ་དངུལ་འཛིན་ཁྱབ་ཁོངས་ཀྱི་གཙོ་གནད་གྱོད་གཞི་གཅིག་སྡུད་ཐོག་མཇུག་བསྡུའི་བྱ་སྤྱོད་སྤེལ་བ།