ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

མི་འདི་དག་ཟླ་12ཚེས་15ཉིན་སྔོན་ལ་ངེས་པར་དུ་རྒྱལ་ནང་དུ་ལོག་དགོས།

2023-11-23 10:17:00     责编:桑吉卓玛

མི་འདི་དག་ཟླ་12ཚེས་15ཉིན་སྔོན་ལ་ངེས་པར་དུ་རྒྱལ་ནང་དུ་ལོག་དགོས།

       སྤྱི་ཟླ་11པ་ནས་བཟུང་། ཀོང་ཏུང་ཆིང་ཡོན་དུ་ཡོད་པའི་དབྱིན་ཏེ་ཉེན་རྟོག་ཕྱོགས་ཀྱིས་ཕྱི་རྒྱལ་དུ་ལུས་པའི་ཉེས་གསོག་པ་གཙོ་བོར་དུས་རིམ་བགོས་ནས་ཉེས་དོན་བཀག་ཉར་བྱས་པ་མ་ཟད། དྲ་ཐོག་ནས་བྲོས་འདེད་བྱས། འོན་ཀྱང་མགོ་སྐོར་གཏོང་མཁན་གྱི་ཉེས་གསོག་པ་གཙོ་བོ་འགའ་ཡིས་སྔར་བཞིན་གཡོ་སྒྱུ་བཅངས་ཏེ་རྒྱལ་ནང་དུ་ལོག་གྱིན་མེད། 

       ཚེས་17ཉིན་དབྱིན་ཏེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་བརྡ་ཁྱབ་བཏང་ནས་དབྱིན་ཏེ་གྲོང་ཁྱེར་ནས་ཡིན་པའི་ཕྱི་རྒྱལ་གྱི་ཉེས་གསོག་པ་གཙོ་བོ་དག་ཕྱིར་ལོག་རྒྱུར་ལྕག་སྐུལ་བྱས།

       བརྡ་ཁྱབ་ནང་སྐྱེས་ཁོང་དབྱིན་ཏེ་ནས་ཡིན་ཞིང་ཕྱི་རྒྱལ་དུ་ཡོད་པའི་ཉེས་གསོག་པ་གཙོ་བོ་དག་གིས་གཡོ་སྒྱུའི་བསམ་པ་མི་བཅངས་བར་དུས་བབ་གསལ་རྟོགས་བྱས་ཏེ་སྤྱི་ལོ་2023ལོའི་སྤྱི་ཟླ་12པའི་ཚེས་15ཉིན་སྔོན་ལ་ངེས་པར་དུ་རྒྱལ་ནང་དུ་ཕྱིར་ལོག་བྱེད་དགོས། རྒྱལ་ནང་དུ་མ་ལོག་གོང་། ཉིན་བདུན་གྱི་སྔོན་ལ་ཁ་པར་བརྒྱབ་ནས་ཐེམ་ཐོ་ཡོད་སའི་སྤྱི་བདེ་ལས་ཁུངས་ལ་སྙན་ཞུ་འབུལ་དགོས་པ་མ་ཟད། ཚད་ལྡན་གྱི་ཐབས་ལམ་བརྒྱུད་ནས་རྒྱལ་ནང་དུ་ལོག་རྗེས་དུས་ཐོག་ཏུ་རང་ཉིད་ཀྱི་ཐེམ་ཐོ་ཡོད་སའི་མངགས་གཏོང་ཁང་ལ་མིང་ཐོ་འགོད་དུ་ཡོང་དགོས་ཞེས་བསྟན་འདུག
 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གངས་ཕྲུག་བློ་རྒྱ། 
སྒྲིག་སྒྱུར། སྙན་དབྱངས། 

འཛམ་གླིང་སྐར་ཁུངས།

▶ལོ་གཅིག་ནང་སིབ་ནད་ཕོག་མཁན་ས་ཡ་9ཐོན་པས་འབོད་སྐུལ་་་་

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཨ་རིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རྒྱལ་ཁབ་ཁག་ལ་བྱིས་པ་ཚང་མར་སིབ་བུའི་རིམས་འགོག་སྨན་ཁབ་དང་དེ་བཞིན་ནད་རིགས་གཞན་དག་སྔོན་འགོག་ཐུབ་པའི་རིམས་འགོག་སྨན་ཁབ་རྒྱག་དགོས་པའི་ལྕག་སྐུལ་བྱས་པ་མ་ཟད།

中央广播电视总台 央广网 版权所有

མི་འདི་དག་ཟླ་12ཚེས་15ཉིན་སྔོན་ལ་ངེས་པར་དུ་རྒྱལ་ནང་དུ་ལོག་དགོས།

སྤྱི་ཟླ་11པ་ནས་བཟུང་། ཀོང་ཏུང་ཆིང་ཡོན་དུ་ཡོད་པའི་དབྱིན་ཏེ་ཉེན་རྟོག་ཕྱོགས་ཀྱིས་ཕྱི་རྒྱལ་དུ་ལུས་པའི་ཉེས་གསོག་པ་གཙོ་བོར་དུས་རིམ་བགོས་ནས་ཉེས་དོན་བཀག་ཉར་བྱས་པ་མ་ཟད། དྲ་ཐོག་ནས་བྲོས་འདེད་བྱས། འོན་ཀྱང་མགོ་སྐོར་གཏོང་མཁན་གྱི་ཉེས་ག