ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འགོ་བརྗོད་གསར་འགྱུར།

ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་བར་ལན་ཆ་བཟང་པོ་བྱུང་བ།

2023-11-12 15:58:00     责编:桑吉卓玛

ཉེ་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་དང་ཧོ་པེ་ཡི་གནོད་འཚེ་ཕོག་ཚབས་ཅུང་ཆེ་བའི་ཁུལ་དུ་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་བ་དང་། གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་ཡོད་པ་རེད། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས། སེམས་ཤུགས་བརྟན་གཏོང་དང་སེམས་ནུས་ཡོད་རྒུ་གཅིག་ཏུ་སྒྲིལ་ནས། ཁྱིམ་གཞིས་འཛུགས་སྐྲུན་སྔར་ལས་ལེགས་པ་བྱ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

བྱང་ཕྱོགས་སུ་དགུན་ཁ་སླེབས་པའི་དུས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེའི་གནོད་འཚེ་ཕོག་ཚབས་ཅུང་ཆེ་བའི་ས་ཁུལ་གྱི་གྲོང་ཚོ་དང་གྲོང་རྡལ། སྡེ་ཁུལ། སློབ་གྲྭ་སོགས་སུ་ཕེབས་ནས་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོའི་གནས་ཚུལ་ལ་མཁྱེན་རྟོགས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པས་ཚང་མའི་སེམས་པ་དྲོ་སོབ་སོབ་ཏུ་གྱུར་བ་དང་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ཧོ་པེ་ཞིང་ཆེན་པའོ་ཏིང་ཀྲུའོ་ཀྲའོ་གྲོང་ཁྱེར་ཏེའོ་ཝོ་གྲོང་རྡལ་ཝན་ཆོན་ཀྲོང་གྲོང་ཚོ་ནི་ལན་ཀོའུ་ཝ་ཆུ་ལོག་གསོག་ཁུལ་དུ་གནས་ཡོད་པ་དང་། གྲོང་ཚོ་ཡོངས་ཀྱི་ཐེམ་དུད་311ཚང་མར་གནོད་འཚེ་ཕོག་ཡོད། གྲོང་མི་ཧྥུ་ཅི་ཅུན་གྱིས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་སུ་ང་ཚོ་བཞག་གནང་ཡོད། ང་ཚོའི་སྲིད་གཞུང་གི་རོགས་སྐྱོར་བྱ་ཤུགས་ཆེ་བ་དང་ཚན་པ་ཁག་གིས་དཀའ་ལས་ཚད་མེད་བརྒྱབ་པ་བརྒྱུད། ད་ལྟ་ང་ཚོའི་གྲོང་ཚོའི་ཆུ་དང་གློག འབར་རླངས་སོགས་གཞི་རྩའི་ཆ་ནས་སླར་གསོ་བྱུང་ཡོད་ཅེས་བཤད་ཡོད།

ད་ལོའི་འབྲུབ་ཆུ་རྒྱས་དུས་སུ། ཀྲུའོ་ཀྲའོ་གྲོང་ཁྱེར་ཧྲོང་ཐ་ཁྲོམ་གཞུང་ཡུང་ཅི་ཤིའུ་ཡོན་སྡེ་ཁུལ་དུ་གནོད་འཚེ་ཚབས་ཆེན་པོ་ཕོག་ཡོད། གྲོང་མི་ཆིའུ་ཧུང་གིས། ང་ཚོར་གནོད་འཚེ་ཕོག་རྗེས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཐུགས་ཁུར་གནང་བར་ཕེབས་པས་སེམས་ནང་དགའ་ཚོར་ཆེན་པོ་བྱུང་། ཆར་རླུང་རྗེས་སུ་འཇའ་ཚོན་མཐོང་ཐུབ་པ་ལྟར། ང་ཚོའི་འཚོ་བ་སྔར་ལས་ལེགས་སུ་འགྲོ་ངེས་རེད་ཅེས་བཤད་ཡོད།

པེ་ཅིང་གྲོང་ཁྱེར་མོན་ཐའུ་ཀའུ་ཁུལ་ཡོངས་སུ་གནོད་འཚེ་ཕོག་པའི་མི་འབོར་བརྒྱ་ཆ་77ལ་ཉེ་བ་དང་། མོན་ཐའུ་ཀའུ་ཁུལ་མེའུ་ཧྥེང་ཧྲན་གྲོང་རྡལ་ཧྲུའེ་ཡུས་ཙུའེ་ཡི་གྲོང་མི་ལི་མོང་གིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་གནོད་འཚེ་ཁུལ་ལ་ཐུགས་ཁུར་ཆེན་པོ་གནང་གི་འདུག་ལ། ང་ཚོའི་ཟས་གོས་འགྲོ་འདུག་ཚང་མར་ཡང་ཐུགས་ཁུར་ཆེན་པོ་གནང་གི་འདུག ང་ཚོའི་ཏང་དང་ང་ཚོའི་རྒྱལ་ཁབ་ཀྱིས་ང་ཚོ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་དང་ཉེན་ཁ་གནས་བབ་ཨང་དང་པོར་འཇོག་གི་ཡོད་པས། ང་ཚོས་ཁྱིམ་གཞིས་སླར་གསོ་དང་བསྐྱར་སྐྲུན་བྱ་རྒྱུའི་ཐད་ཡིད་ཆེས་སྔར་ལས་ཆེ་བ་ཡོད་ཅེས་བཤད་ཡོད།

པེ་ཅིང་གྲོང་ཁྱེར་མོན་ཐའུ་ཀའུ་ཁུལ་མེའོ་ཧྥེང་ཧྲན་མི་རིགས་སློབ་གྲྭའི་དགེ་རྒན་ཧྥུ་ཀུའེ་རུའུ་ཡིས། ང་ཚོ་ད་ལྟ་སློབ་ཚན་ཞིག་འཚོགས་བཞིན་ཡོད། བརྗོད་བྱ་གཙོ་བོ་ནི་ང་ཚོའི་ཉེ་འགྲམ་གྱི་ཞོད་འགོག་གེགས་སེལ་གྱི་གཏམ་རྒྱུད་ཡིན་ཞིང་། སློབ་ཚན་དེ་བརྒྱུད་ཕྲུ་གུ་ཚོས་རང་རེའི་རླབས་ཆེན་མེས་རྒྱལ་གྱིས་ང་ཚོར་སེམས་ཁུར་དང་བྱམས་སྐྱོང་གནང་གི་ཡོད་པ་ཚོར་ཐུབ་པ་བྱ་རྒྱུ་དང་ཆབས་ཅིག ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་ཀྱི་ཡོད་པར་མྱོང་ཚོར་ཐུབ་པ་བྱ་རྒྱུ། ཁོང་ཚོས་དྲིན་ཚོར་ཐུབ་པ་བྱ་རྒྱུ་བཅས་ལ་ཁྲིད་སྟོན་བྱ་རྒྱུ་དེ་ཡིན་ཞེས་བཤད་ཡོད།

མེའོ་ཧྥེང་ཧྲན་མི་རིགས་སློབ་གྲྭའི་ལུས་རྩལ་ཐང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་སྤྱི་དོན་དུ་སྐུ་གཤེགས་པའི་དཔའ་བོའི་ཁྱིམ་མི་སོགས་ལ་འཚམས་འདྲི་གནང་ཡོད། ཁོང་གིས། ཏང་ཡོན་ལས་བྱེད་མང་ཚོགས་མང་པོ་ཞིག་ཞོད་འགོག་ཉེན་སེལ་ཁྲོད་སྐུ་གཤེགས་ཡོད། ང་ཚོས་ནམ་ཡང་ཁོང་ཚོ་སེམས་སུ་འཇོག་དགོས་པ་དང་། ཁོང་ཚོའི་དཔའ་ངར་ཞུམ་མེད་ཀྱི་མཛད་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས། འབྲེལ་ཡོད་ཕྱོགས་ཀྱིས་ཁོང་ཚོའི་ཁྱིམ་མིར་ལྟ་རྟོག་དང་སེམས་ཁུར་བྱེད་དགོས་ཞེས་གསུངས་ཡོད། སྔོན་གཤེགས་དཔའ་བོ་ལིའུ་ཅེ་ཡི་ཁྱིམ་མི་ལིའུ་ཞོན་གྱིས། ང་རང་སེམས་འགུལ་ཐེབས་ཆེ་ཤོས་ནི་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་སྔོན་གཤེགས་དཔའ་བོའི་ཁྱིམ་མི་ཚོར་སེམས་ཁུར་དང་གཅེས་སྐྱོང་གནང་བ་དང་། ང་ཚོར་ཕྱོགས་གང་ས་ཅི་ཐད་ནས་རོགས་སྐྱོར་གནང་བ་དེ་རེད། དེར་བརྟེན་ང་རང་སེམས་འགུལ་ཚད་མེད་ཐེབས་ནས་མིག་ཆུ་དབང་མེད་དུ་ཤོར་གྱི་འདུག་ཅེས་བཤད་ཡོད།

སྔོན་གཤེགས་དཔའ་བོ་ཞུང་ལི་ཡི་ཁྱིམ་མི་ལིའུ་ཅི་ཝེ་ཡིས། དང་ཐོག་ང་ཚོར་སེམས་འགུལ་ཚད་མེད་ཐེབས་བྱུང་། ང་ཚོའི་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་མང་ཚོགས་ཚོའི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ཨང་དང་པོར་འཇོག་གནང་གི་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཕྲུ་གུ་དང་ང་རང་། ད་དུང་ང་ཚོའི་ཁྱིམ་ཚང་ལ་བཀའ་མོལ་མང་པོ་གསུངས་བྱུང་། ཁོང་གིས་དཀའ་ངལ་གང་ཞིག་འཕྲད་ཀྱང་ངེས་པར་དུ་རྩ་འཛུགས་ལ་ཞུ་དགོས་པ་དང་། ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་དགོས་ཞེས་གསུངས་བྱུང་ཞེས་བཤད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་དང་འཚམས་འདྲི་གནང་བ་དེས་ཞོད་འགོག་མྱུར་སྐྱོབ་ནང་ཞུགས་པའི་ཕྱོགས་ཁག་གི་འཐུས་མིར་སྐུལ་མ་ཆེན་པོ་ཐེབས་ཡོད་པ་དང་། འགན་འཁྲི་ཁྲག་ཐོག་ཏུ་འཁུར་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད། ཧོ་པེ་ཞིང་ཆེན་ཀྲུའོ་ཀྲའོ་གྲོང་ཁྱེར་མི་དམངས་དྲག་ཆས་པུའུ་ཡི་ཆབ་སྲིད་ཨུ་ཡོན་ཀྲང་ཅི་ཝེ་ཡིས། ང་ཚོ་མི་དམངས་བཅིངས་འགྲོལ་དམག་གིས་དམག་ཆས་འདི་གྱོན་རྗེས། མྱུར་སྐྱོབ་ཀྱི་ལས་དོན་དེ་ཉེན་ཁ་ཇི་ཙམ་ཆེ་ནའང་། ང་ཚོས་འཐབ་ས་དང་པོར་གདོང་མཆོང་བྱེད་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་དང་སྲུང་སྐྱོང་བྱེད་དགོས་ཞེས་བཤད་ཡོད།

ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་མེ་ཟོན་མྱུར་སྐྱོབ་ཉིང་ལག་རུ་ཁག་གི་རུ་དཔོན་གཞོན་པ་ལི་ཡན་སན་གྱིས། ང་ཚོས་སླད་ཕྱིན་ཟམ་མི་ཆད་པར་རང་སོའི་ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་བཏང་ནས། མི་དམངས་ལ་ང་ཚོ་དགོས་གལ་ཆེ་བའི་འགག་རྩའི་དུས་སུ་འཐབ་ས་དང་པོར་གདོང་མཆོང་བྱེད་ཐུབ་པ་དང་། ཟམ་མི་ཆད་པར་གནོད་འགོག་དང་གནོད་འཚེ་ཉུང་གཏོང་། གེགས་སེལ་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཐུན་མོང་ཐོག་ང་ཚོའི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

པེ་ཅིང་གྲོང་ཁྱེར་མོན་ཐའུ་ཀའུ་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཡུས་ཧྭ་ཧྥེང་གིས། སྤྱི་ཁྱབ་ཧྲུའུ་ཅིས་རྟོག་ཞིབ་གནང་བའི་བརྒྱུད་རིམ་ཁྲོད་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། གོང་འཕེལ་དང་བདེ་འཇགས་ལ་གཅིག་འགྱུར་འཆར་འགོད་བྱེད་དགོས་ཞེས་ཐེངས་མང་གསུངས་གནང་བ་དང་། གནོད་འཚེ་ཆེན་པོ་ནས་འཛུགས་སྐྲུན་ཆེན་པོ་དང་བཅོས་སྐྱོང་ཆེན་པོར་བསྐྱོད་དགོས་ཤིང་། དེ་ཡང་ང་ཚོས་དེ་སྔོན་གྱི་བསླབ་བྱ་བསྡུ་ལེན་བྱེད་དགོས་ཞེས་གསུངས་གནང་ཡོད། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་བསྐྲུན་དེ་སྟབས་བདེའི་སླར་གསོ་མིན་པར། གནོད་འཚེ་ཆེན་པོ་འགོག་རྒྱུར་གཞི་རྐང་ཚུགས་ཏེ་ང་ཚོའི་ཁྱིམ་གཞིས་སྔར་བས་བདེ་འཇགས་ཆེ་བ་ཡོང་བ་བྱེད་དགོས་ཞེས་བཤད་ཡོད།

པེ་ཅིང་གྲོང་ཁྱེར་གྲོང་ཁྱེར་གྱི་ཆུ་བོ་དང་མཚེའུ་དོ་དམ་ཁྲུའི་ལས་གྲྭ་དོ་དམ་ཁོའོ་ཡི་འགོ་འཛིན་ཀུའེ་པིན་གྱིས། ང་ཚོས་ད་ལྟ་བྱེད་བཞིན་པའི་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་སླར་གསོ་དེ་ཡང་ཕྱིས་འབྱུང་གི་དུས་ཚོད་ནང་གནམ་གཤིས་ངན་པར་ཁ་གཏད་གཅོག་ཐུབ་ཆེད་ཡིན། པེ་ཅིང་གྲོང་ཁྱེར་ཡོངས་ཀྱི་རྒྱུག་ཁོངས་ཁག་ཚུད་པའི་ཡུང་ཏིང་གཙང་པོའི་ཞོད་འགོག་འཕྲལ་སྒྲུབ་མ་ལག་གི་རིམ་པ་མཐོ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་དང་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་སྔར་ལས་ལྷག་པ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

འཛམ་གླིང་སྐར་ཁུངས།

▶དབྱི་སི་རལ་གྱིས་འདི་ལྟར་མ་བྱས་ན་དམག་མཚམས་འཇོག་རྒྱུ་མིན་ཞེས་་་

སྤྱི་ཚེས་1ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ནས་ཀ་ཧྲ་ས་ཁུལ་གྱི་བྱིས་པ་དང་དེའི་ཁྱིམ་ཚང་སྐྱི་གཡའ་བའི་གནས་སུ་གྱར་ཡོད་ཅེས་བསྟན་པ་དང་།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་བར་ལན་ཆ་བཟང་པོ་བྱུང་བ།

ཉེ་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་དང་ཧོ་པེ་ཡི་གནོད་འཚེ་ཕོག་ཚབས་ཅུང་ཆེ་བའི་ཁུལ་དུ་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་བ་དང་། གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བ