འདི་ལོ་ཅང་སུའུ་རུའུ་ཏུང་LNGབསྡུ་ལེན་ས་ཚུགས་ཀྱི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི་500ལྷག་ཙམ་ཟིན་པ།

མི་དམངས་ཉིན་རེའི་ཚགས་པར།

| 2023-10-26 17:16:53

ཅང་སུའུ་LNGབསྡུ་ལེན་ས་ཚུགས་ནི་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་ཞིག་ཡིན་ཞིང་། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་LNGབསྡུ་ལེན་ས་ཚུགས་ཐོག་མ་དེ་ཡིན་ལ། ཅང་སུའུ་ཞིང་ཆེན་གྱིས་བེད་སྤྱོད་གཏོང་སྔ་ཤོས་ཀྱི་LNGབསྡུ་ལེན་ས་ཚུགས་ཆེ་ཤོས་དེ་ཡང་རེད།

འདི་ནི་ཟླ་10ཚེས་24ཉིན། སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་26ཟིན་པའི་LNGབླུགས་པའི་ཁ་ཐར་གྱི་Q-maxདབྱིབས་ཀྱི“མེ་ཁེན་ཉི་སི”རྟགས་ཅན་གྱི་གྲུ་གཟིངས་ཅང་སུའུ་ཞིང་ཆེན་རུའུ་ཏུང་རྫོང་དབྱང་ཁོའུ་གྲུ་ཁའི་ཀྲུང་གོ་རྡོ་སྣུམ་སོལ་རླངས་ཚོགས་པ་ཚད་ཡོད་ཀུང་སིའི་ཅང་སུའུ་LNGབསྡུ་ལེན་ས་ཚུགས་གྲུ་ཁར་ཁ་བཀག་ཡོད་ཅིང་། འདི་ནི་བསྡུ་ལེན་ས་ཚུགས་དེས་འདི་ལོ་འདོན་འཇུག་རྩིས་བླངས་པའི་གཤེར་གྱུར་རང་བྱུང་སོལ་རླངས་བླུགས་པའི་གྲུ་གཟིངས་ཨང་58པ་དེ་ཡིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།