ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

འཕར་ཚད་མྱུར་ཤོས་ཀྱི་དཀྱིལ་འཁོར་ནག་པོ། ཉིན་གཉིས་རེའི་ནང་“ཉི་མ་”གཅིག་ཁྱུར་མིད་གཏོང་བ།

སྤེལ་དུས 2023-10-31 ཡོང་ཁུངས། བོད་ལྗོངས་ཚན་གདལ། རྩོམ་པ་པོ།
          དབྱིན་ཇིའི་ཉིན་རེའི་སྦྲག་སྲིད་ཚགས་པར་ནས་གསར་འགྱུར་འབྱོར་གསལ། ཨོ་སི་ཁྲུ་ལི་ཡའི་སྐར་རྩིས་མཁས་ཅན་གྱིས་ད་བར་འཕར་ཚད་མགྱོགས་ཤོས་ཀྱི་དཀྱིལ་འཁོར་ནག་པོ་ནི་སའི་གོ་ལ་དང་བར་ཐག་འོད་ལོ་དུང་ཕྱུར་120ཙམ་ལས་མང་བ་ཤེས་རྟོགས་ཐུབ་པ་དང་། ཆེ་ཆུང་ནི་ཉི་མ་དུང་ཕྱུར་200ལྷག་དང་མཚུངས། གཅན་གཟན་གཏུམ་པོ་འདིས་ཉིན་རེ་ལ་ཉི་མའི་ཆེ་ཆུང་གི་དངོས་པོ་ཁྱུར་མིད་ཐུབ། ཞིབ་འཇུག་མི་སྣ་ཡིས་གལ་ཏེ་དཀྱིལ་འཁོར་ནག་པོ་དེ་དགུ་ཚིགས་མ་ལག་ཀྱི་དབུས་སུ་ཡོད་ཚེ། སའི་གོ་ལ་སྟེང་གི་ཚེ་སྲོག་ནི་གསོན་ཐབས་བྲལ་བ་ཞིག་ཡིན་ཞེས་གསུངས་སོ། །
          ཨོ་སི་ཁྲུ་ལི་ཡའི་གཞུང་བཙུགས་སློབ་ཆེན་སེ་ཏིང་ཇན་གནམ་དཔྱད་ལས་ཁུངས་ཀྱི་སྐར་རིས་རིག་པའི་རྒྱང་ཤེལ་བེད་སྤྱད་པ་བརྒྱུད། ཞིབ་འཇུག་མི་སྣས་དཀྱིལ་འཁོར་ནག་པོ་སྤུས་ཚད་ལྡན་པ་དེའི་ལོ་ངོ་དུང་ཕྱུར་མང་པོའི་སྔོན་གྱི་གནས་ཚུལ་ལྟ་དཔྱད་ཐུབ།“དཀྱིལ་འཁོར་ནག་པོ་འདིའི་འཕར་ཚད་ནི་ཆེས་མགྱོགས་ལ་གསལ་ཚད་ཀྱང་སྐར་རྒྱུད་ཧྲིལ་པོའི་གསལ་ཚད་ལས་ལྡབ་སྟོང་གིས་མཐོ་བ་མ་ཟད། དེའི་རྒྱུ་མཚན་ནི་དཀྱིལ་འཁོར་ནག་པོས་ཉིན་ལྟར་རླངས་གཟུགས་ཁྱུར་མིད་གཏོང་བའི་སྐབས་སུ་གཙུབ་བརྡར་དྲག་པོ་བྱེད་དགོས་ལ། ཚ་བ་འབོར་ཆེན་འབྱུང་གི་ཡོད་པས་སོ། ཨོ་སི་ཁྲུའི་ལི་ཡའི་གཞུང་གཙུགས་སློབ་ཆེན་རྣམ་དཔྱད་རིགས་པ་དང་གནམ་གཟུགས་དངོས་ལུགས་རིགས་པའི་ཞིབ་འཇུག་ཁང་གི་འབུམ་རམས་པ་Wolfཡིས་གསལ་བཤད་བྱས་པར། གལ་ཏེ་གཅན་གཟན་གཏུམ་པོ་འདི་དགུ་ཚིགས་མ་ལག་གི་དཀྱིལ་དུ་གནས་ཡོད་ཚེ། དེའི་གསལ་ཚད་ནི་ཉ་གང་ཟླ་བའི་གསལ་ཚད་ལས་ལྡབ་10ཡིས་གསལ་བ་དང་། ཨ་སྔོན་མཐོངས་སུའང་ཆེས་གསལ་བའི་སྐར་གཟུགས་ཤིག་ཏུ་མངོན་པ་མ་ཟད། ཧ་ལམ་མཁའ་དབྱིངས་ཀྱི་སྐར་གཟུགས་ཡོངས་སུ་རྗོགས་པ་ཉམས་ཤོར་མདོག་འགྱུར་དུ་གཏོང་བའོ། །”
          ཞིབ་འཇུག་མི་སྣས་ལྟ་དཔྱད་བྱས་པ་ལྟར་ན། དཀྱིལ་འཁོར་ནག་པོ་དེའི་ཆེ་ཆུང་ཕལ་ཆེར་ཉི་མའི་ལྡབ་དུང་ཕྱུར་200ཙམ་ཟིན་པ་དང་། འཕར་བའི་མྱུར་ཚད་ནི་ལོ་ངོ་ཁྲི་བརྒྱ་རེར་བརྒྱ་ཆ་གཅིག་འཕར་བ་ཡིན། གནམ་དཔྱད་རྒྱང་ཤེལ་བེད་སྤྱད་ནས་དཔྱད་པ་བརྒྱུད། ཞིབ་འཇུག་མི་སྣ་ཡིས་གོ་ལའི་མ་ལག་ནང་འཕྲོ་བའི་སྨུག་ཕྱིའི་འོད་ཟེར་དང་xའཕྲོ་ཐིག་ལ་ལྟ་དཔྱད་ཐུབ་པ་ཡིན།“གལ་ཏེ་གཅན་གཟན་གཏུམ་པོ་དེ་དགུ་ཚིགས་མ་ལག་གི་དབུས་སུ་གནས་ཡོད་ཚེ། འཕྲོ་ཐིག་འཁྱབ་འགྱེད་མང་པོ་བྱུང་བའི་རྐྱེན་གྱིས་སའི་གོ་ལའི་སྟེང་དུ་ཚེ་སྲོག་གནས་མ་སྲིད་”ཅེས་འབུམ་རམས་པ་Wolfཡིས་གསུངས་སོ། །
          དཀྱིལ་འཁོར་ནག་པོ་དེ་རྙེད་གསོན་བྱུང་བ་ཡིས་འཇིག་རྟེན་ཁམས་བྱུང་བའི་སྔ་དུས་ཀྱི་སྐར་མའི་གོ་ལ་ལ་རྒྱུས་ལོན་བྱེད་པར་ཕན་པ་ཡོད་པས། དཀྱིལ་འཁོར་ནག་པོ་དེ་འཇིག་རྟེན་ཁམས་ཀྱི་སྔ་དུས་ལ་རྒྱུས་ལོན་བྱེད་པའི་ལམ་སྟོན་སྒྲོན་མེ་ལྟ་བུར་གྱུར། འབུམ་རམས་པ་Wolfཡིས་ཁ་གསབ་བྱས་པར།“ཚན་རིག་མཁས་ཅན་རྣམས་ཀྱིས་སྤུས་ཚད་ཆེ་བའི་དཀྱིལ་འཁོར་ནག་པོ་དེའི་སྔོན་གྱི་སྐར་མའི་གོ་ལའི་གཟུགས་བརྙན་ལ་ལྟ་དཔྱད་བྱེད་ཐུབ་ཅེས་གསུངས། དེ་མིན་འཕར་ཚད་མྱུར་ཞིང་སྤུད་ཚད་ཆེ་བའི་དཀྱིལ་འཁོར་ནག་པོ་དེ་གློག་གྱེས་རླུངས་གཟུགས་ཀྱི་ཐབས་ལམ་བརྒྱུད་ནས་མཐའ་མཁོར་དང་བཅས་པ་གཙང་བཤེར་ཐུབ་པ་དེས་འཇིག་རྟེན་ཁམས་ཀྱི་མཐོང་རྒྱ་དེ་བས་གསལ་བའོ། །

རྩོམ་སྒྲིག་པ། ལྷ་འབྲུག