ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

▶ལྷོ་ཁའི་རྒྱ་ཚ་རྗོང་དུ་འབྲས་ཀྱི་ལོ་ལེགས་བཟང་།

2023-10-27 15:18:00     责编:娜科

སྤྱི་ཟླ་10ཚེས་24ཉིན།  རྒྱ་ཚ་རྫོང་གླིང་མདའ་ཤང་དཔའ་མདའ་གྲོང་ཚོ་རུ་ས་གནས་མང་ཚོགས་ཀྱིས་མཚོ་འཕགས་ལ་སྨི་3170ཡོད་པའི་མཐོ་སྒང་དུ་བཏབ་པའི་ཆུ་འབྲས་ལ་ལོ་ལེགས་བྱུང་།  གསར་འགོད་པ་དཔའ་མདའ་གྲོང་ཚོར་ཐོན་པ་ན་མིག་མདུན་ཡོངས་སེར་ལམ་ལམ་དུ་མངོན་པའི་འབྲས་ཞིང་གིས་ཁེངས་པ་དང་། སྙེ་མའི་རླངས་ཕྲེང་གཡོ་བའི་ཁྲོད་ན་མི་རྣམས་ཀྱིས་ཟོར་བ་གཡུག་གཡུག་བྱེད་བཞིན་དགའ་བའི་འཛུམ་དང་དགོད་པའི་སྒྲ་ཡིས་རང་གིས་དངོས་སུ་བཏབ་པའི་ས་མུའུ་20ལྷག་ཡོད་པའི་མཐོ་སྒང་གི་འབྲས་ཞིང་འབྲེག་བཞིན་འདུག   

སེར་ལམ་ལམ་དུ་མངོན་པའི་ཆུ་འབྲས་འདི་དག་ནི་ཐོབ་སླ་བ་ཞིག་མ་ཡིན།  

“དང་ཐོག་མར། མཐོ་སྒང་དུ་སྐྱེ་བར་འཚམ་པའི་ཆུ་འབྲས་འདེམས་གསོ་བྱ་ཆེད་ང་ཚོས་ཀྱག་ཀྱོག་གི་ལམ་བུ་མང་པོ་བརྒྱུད་ཡོད། ”   བོད་རང་སྐྱོང་ལྗོངས་ཞིང་ཕྱུགས་ཚན་རིག་གླིང་ཞིང་ལས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧྥན་ཁྲོན་ཁོན་གྱིས་གསར་འགོད་པར་བརྗོད་དོན།  ཁོ་ཚོས་སྤྱི་ལོ་2019ལོ་ནས་བཟུང་ཚོད་ལྟ་བྱས་ཏེ་ཆུ་འབྲས་འདེབས་འགོ་བརྩམས་མོད། འོན་ཀྱང་ཡུན་རིང་པོར་འབྲས་བཟང་མ་ཐོབ།   སྤྱི་ལོ་2020ལོའི་ཟླ་9ཚེས་3ཉིན་གྱི་ཕྱི་དྲོར།  ཁོ་དང་ཆུང་མ་ཞིང་ཚིགས་བར་དུ་འཆམ་འཆམ་ལ་འགྲོ་སྐབས་སྟེས་དབང་གིས་སྲ་མོར་གྱུར་བའི་འབྲས་ཀྱི་སྙེ་མ་ཞིག་མཐོང་བྱུང་། སྐབས་ཐོག་དེར་ང་རང་དགའ་སྣང་དྲག་པོ་སྐྱེས་ཏེ་འབྲས་ཞིང་དུ་བརྒལ་ནས་ཞིབ་ཏུ་བལྟས་པ་ན་ངོ་མ་རེད།   འདྲེས་སྦྱོར་བྱས་པའི་ཆུ་འབྲས་ཞིག་ལ་འབྲས་བུ་སྨིན་འདུག་ཟེར།  

ཚོད་ལྟ་ཐེངས་མང་བྱས་མཐར་ཧྥན་ཁྲོན་ཁོན་གྱིས་འདྲེས་སྦྱོར་གཟུགས་ཀྱི་ཆུ་འབྲས་ཁྲོད་ནས་དྲོད་ཚད་དམའ་མོ་དང་འོད་དྲག་པོ་བཟོད་ཐུབ་པའི་བོད་ལྗོངས་ལ་དམིགས་སུ་ཡོད་པའི་ LS-02”དང“LS-68རིགས་གཉིས་འདེམས་གསོ་བྱུང་པ་དང་། ངེད་གྲོང་ཁྱེར་དུ་མཐོ་སྒང་གི་ཆུ་འབྲས་མེད་པའི་སྟོང་ཆ་བསྐངས་པའི་དུས་མཚུངས་སུ་རྒྱལ་ཡོངས་དང་ཐ་མ་འཛམ་གླིང་ཡོངས་སུ་དྲོད་ཚད་དམའ་མོ་བཟོད་ཐུབ་པའི་ཆུ་འབྲས་སྐྱེད་སྲིང་དང་འདེམས་གསོ་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ། 

སྡེ་མི་ཚོར་མཐོ་སྒང་གི་ཆུ་འབྲས་འདེབས་པའི་ལག་རྩལ་མགྱོགས་པོར་བྱང་དུ་འཇུག་ཆེད་ཧྥན་ཁྲོན་ཁོན་གྱིས་ས་མུའུ་20ཡོད་པའི་འབྲས་ཞིང་དེ་སྡེ་མི་ཚོར་སྤྲད་ནས་རང་ཉིད་ལ་འདེབས་སུ་བཅུག  སྔོན་མར་སྡེ་མི་ཞིག་གིས་ཆུ་འདྲེན་པའི་ལག་རྩལ་མ་ཤེས་ཤིང་། མ་གཞིར་ཆུ་ལི་སྨི་གསུམ་ལས་མི་དགོས་པའི་འབྲས་ཞིང་དུ་ལི་སྨི་40དྲངས་བས་ཁོ་མོ་ཚང་གི་འབྲས་མྱུག་ཚང་མ་ཆུས་བསྣུབས་པ་རེད།  

 “ སྐབས་ཐོག་དེར་ཁོ་མོས་རང་ཉིད་ལ་ལེ་བདའ་བྱེད་པ་མཐོང་བས་ང་རང་ཡང་ཡིད་སེམས་མི་བདེ་བ་བྱུང་སོང་།” 

ད་ལྟ་ས་གནས་ཀྱི་མང་ཚོགས་མང་པོས་ཆུ་འབྲས་འདེབས་པའི་ལག་རྩལ་ཁོང་དུ་ཆུད་ཡོད།  དེ་རིང་གི་རྒྱལ་ཁ་ནི་ང་ཚོས་མཉམ་དུ་འབད་བརྩོན་དང་དཀའ་སྤྱད་བྱས་པའི་འབྲས་བུ་ཡིན། ཧྥན་ཁྲོན་ཁོན་ལ་དེའི་ཐད་མྱོང་ཚོར་ཟབ་མོ་ཡོད་པ་དང་།  ཁོ་དང་ཡུལ་མི་སྤུན་ཟླ་ཚོས་ད་གཟོད་དེའི་ཁྲོད་ཀྱི་དཀའ་ཁག་དང་བྱ་བ་དེ་ནི་ལས་སླ་མོ་མིན་པ་ཤེས་ཡོད།  

 “ སྡེ་མི་ཚོར་ཆུ་འབྲས་འདེབས་པའི་ལག་རྩལ་བྱང་དུ་བཅུག་ཚེ་ད་གཟོད་ག་དུས་ཡིན་རུང་འབྲས་གསར་པ་ཟ་ཐུབ། ” སྡེ་མི་ཚོས་བཏབ་པའི་ཆུ་འབྲས་ལ་ལོ་ལེགས་བྱུང་བ་མཐོང་བའི་མོད་ལ་ཧྥན་ཁྲོན་ཁོན་གྱི་ཡིད་སེམས་སུ་ལས་ཀྱང་དགའ་སྣང་ཆེ།  

“ རང་གིས་བཏབ་པའི་འབྲས་ཟ་ཐུབ་པ་འདི་འདྲ་ཞིག་སྔོན་ཆད་སེམས་ལའང་དྲན་མི་སྲིད། ”ལོ་ལེགས་བྱུང་བའི་དགའ་སྤྲོ་སྡེ་མི་སྒྲོལ་དཀར་ཀྱི་གདོང་ན་འཛུམ་འདུག ཁོ་མོས་དེང་སང་རང་ཚང་གིས་བཏབ་པའི་འབྲས་ཟ་ཐུབ་པར་ངོ་མ་ཡིད་སེམས་དགའ་ཞིང་གཟི་བརྗིད་སྐྱེས་འོང་ཞེས་བརྗོད་བྱུང་། 

ཆེད་མཁས་པས་ཡུལ་དངོས་ནས་ཐོན་འབབ་ཚད་ལེན་བྱས་པར།  རྒྱ་ཚའི་ཆུ་འབྲས་རིགས་གསར་པ་སྟེ་2022LS-68 ཀྱི་མུའུ་རེའི་ཐོན་ཚད་སྤྱི་རྒྱ་556.16ཡིན། སྔོན་དཔག་བྱས་ན་ནས་བཏབ་པ་དང་བསྡུར་ན་ཆུ་འབྲས་བཏབ་ན་ཡོང་སྒོ་ལྡབ་གཅིག་འཕར་ཡོད་ཅེས་རྒྱ་ཚ་རྫོང་གླིང་མདའ་ཤང་གི་འགོ་གཙོ་ཚེ་བརྟན་བཀྲ་ཤིས་ཀྱིས་བརྗོད་བྱུང་།  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། རྡོ་རྗེ་ཚེ་རིང་། 

中央广播电视总台 央广网 版权所有

▶ལྷོ་ཁའི་རྒྱ་ཚ་རྗོང་དུ་འབྲས་ཀྱི་ལོ་ལེགས་བཟང་།

ཆེད་མཁས་པས་ཡུལ་དངོས་ནས་ཐོན་འབབ་ཚད་ལེན་བྱས་པར། རྒྱ་ཚའི་ཆུ་འབྲས་རིགས་གསར་པ་སྟེ་2022LS-68 ཀྱི་མུའུ་རེའི་ཐོན་ཚད་སྤྱི་རྒྱ་556.16ཡིན།