མཆོང་རྒྱུག་འཕེན་གསུམ།
ཏི་ཏུང་ཏུང་གིས་ཨང་དང་པོ་བླངས་པ།
ཉིན་ཤས་གོང་། ཧང་ཀྲོའུ་ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་མཆོང་རྒྱུག་འཕེན་གསུམ་གྱི་སྐྱེས་པའི་སྨི་100ཡི་T11རིམ་པའི་མཐའ་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཏི་ཏུང་ཏུང་གིས་སྐར་ཆ་11གྲངས་ཆུང་23གྱི་གྲུབ་འབྲས་ཐོག་ནས་གསེར་གྱི་རྟགས་མ་བླངས་པ་དང་། ཀྲུང་གོའི་བདམས་ཐོན་པ་ཀྲའོ་ཕིང་ཨན་དང་ཡེ་ཐའོ་ལ་དངུལ་གྱི་རྟགས་མ་དང་ཟངས་ཀྱི་རྟགས་མ་སོ་སོར་ཐོབ་ཡོད། འདི་ནི་ཀྲུང་གོའི་བདམས་ཐོན་པ་ཏི་ཏུང་ཏུང(གཡས)གིས་སྔོན་སྐྱོད་པ་ལེན་ཅ་ཀེང་དང་འགྲན་བསྡུར་ཚར་རྗེས་རྟེན་འབྲེལ་ཞུ་བཞིན་པ།