མཚོ་བོད་མཐོ་སྒང་གི་གསའ་སྲུང་སྐྱོང་མནའ་འབྲེལ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས23ཉིན། ནང་སོག་དང་སི་ཁྲོན། ཡུན་ནན། བོད་ལྗོངས། ཀན་སུའུ། ཉིང་ཞྭ། ཞིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ནགས་ལས་དང་རྩྭ་ཐང་ཅུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ནུབ་བྱང་རྟོག་ཞིབ་འཆར་འགོད་གླིང་། ཨ་ལ་ཧྲནSEEགཙང་གསུམ་འབྱུང་ཡུལ་ལས་གཞི་ལྟེ་གནས་སོགས་སྲིད་གཞུང་སྡེ་ཁག96དང་། ཁེ་ལས། སྤྱི་ཚོགས་རྩ་འཛུགས་ཀྱིས་འཐད་པ་དང་རྒྱབ་སྐྱོར་ཐོབ་ཅིང་། ཐེངས་བརྒྱད་པའི“འཛམ་གླིང་གསའ་ཡི་ཉིན་མོའི”ཉིན་དེར། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ། པེ་ཅིན་ལུའུ་ཆའོ་སྐྱེ་ཁམས་སྲུང་སྐྱོང་ལྟེ་གནས་བཅས་ཀྱི་མཉམ་དུ་སྤེལ་པའི“མཚོ་བོད་མཐོ་སྒང་གསའ་ཡི་སྲུང་སྐྱོང་མནའ་འབྲེལ”བཙུགས་ཤིང་། དམིགས་ཡུལ་ནི་རྒྱལ་ཁབ་ཕྱི་ནང་གི་མཉམ་ལས་ལ་ཤུགས་སྣོན་དང་། མཉམ་དུ་གསའ་ཡི་ཞིབ་འཇུག་དང་སྲུང་སྐྱོང་བྱ་བ་སྤེལ་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་དཔེ་སྟོན་དང་སྣེ་ཁྲིད་ཤུགས་སྣོན་ལ་སྐུལ་འདེད་བཏང་སྟེ། སའི་གོ་ལའི་ཁྱིམ་གཞི་སྲུང་སྐྱོང་དང་། སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པ་ཡིན། 

ད་ཡོད་ཀྱི་ཚན་རིག་བདེན་དཔང་ལྟར་ན། མཚོ་བོད་མཐོ་སྒང་ནི་གསའ་ཡི་རིགས་ཀྱི་འབྱུང་ཁུངས་ཡིན་ཞིང་། འདི་ནི་དེའི་ཕ་ཡུལ་དང་པོ་ཡིན་པ་དང་། གསའ་ཡི་རྒྱུན་མཐུད་འཚོ་གནས་བྱེད་སའི་ས་ཁུལ་གཙོ་བོ་ཡིན་ལ། ཞིབ་འཇུག་བདེན་དཔང་བྱས་ན་འཛམ་གླིང་སྟེང་གསའ་ཡི་གྲངས་ཀ7000ལྷག་གི་ཁྲོད། ཀྲུང་གོར60%ཡི་འཚོ་གནས་དང་རིགས་སྣའི་གྲངས་ཀ་ཡོད་ཅིང་། ཁྱབ་ཁོངས་གཙོ་བོ་མཚོ་བོད་མཐོ་སྒང་དང་། ཁྱད་པར་དུ་མཚོ་སྔོན་ཞིང་ཆེན་ཡིན་པ་རེད། 

མཚོ་སྔོན་ནི་མཚོ་བོད་མཐོ་སྒང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་སོགས་གསའ་ཡི་འཚོ་གནས་བྱེད་ས་གལ་ཆེན་དག་ཡོད་པ་མ་ཟད། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཁྲོད། གསའ་སོགས་རིགས་དངོས་རྩ་ཆེན་གྱི་ལྟ་སྐུལ་ཚད་ལེན་རྟོག་ཞིབ་དང་། མ་ལག་ཅན་གྱི་སྲུང་སྐྱོང་ལ་ཤུགས་བསྣན་ནས། མིང་དོན་དང་མཚུངས་པའི་གསའ་ཡི་ཞིང་ཆེན་དུ་གྱུར་བ་དང་། ཕུན་སུམ་ཚོགས་པའི་སྲུང་སྐྱོང་ལག་ལེན་ཉམས་ཚོད་གསོག་ཉར་བྱས་ཏེ། མཚོ་བོད་མཐོ་སྒང་གི་གསའ་སྲུང་སྐྱོང་མནའ་འབྲེལ་སྒྲིག་འཛུགས་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་། 

ཤེས་གསལ་ལྟར་ན། མནའ་འབྲེལ་གྱིས་གསའ་ཡི་ཞིབ་འཇུག་དང་སྲུང་སྐྱོང་གསར་གཏོད། ལག་རྩལ་བརྗེ་རེས། མ་དངུལ་བསྡུ་རུབ་གཅིག་སྒྲིལ་སོགས་ཀྱི་ཐད་ ཕྱོགས་མང་པོའི་མཉམ་ལས་དང་འབྲེལ་ཟམ་འཛུགས་སྐྲུན་བྱས་པ་དང་། ཕན་ནུས་ལྡན་པའི་མནའ་འབྲེལ་སྒྲིག་སྲོལ་བརྒྱུད། རང་རང་གི་དགེ་མཚན་འདོན་སྤེལ་བྱས་པ་དང་། སྲུང་སྐྱོང་གབ་ཤུགས་སྐུལ་སྤེལ་བྱས་ཏེ། གསའ་ཡི་སྲུང་སྐྱོང་གི་རྣམ་པ་གསར་བ་གསར་སྐྲུན་བྱས་ནས། ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས། འཛམ་གླིང་གི་ཚེ་སྲོག་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་ནུས་པ་འདོན་སྤེལ་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།