ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

རྩིས་འཁོར་བེད་སྤྱོད་བྱེད་དུས་མི་རང་ཉིད་ཀྱི་ལུས་ཕུང་ལ་སྲུང་སྐྱོབ་བྱེད་དགོས།

སྤེལ་དུས 2023-10-09 ཡོང་ཁུངས། བདེ་ཐང་ཤེས་བྱ། རྩོམ་པ་པོ། ཚེ་རིང་སྒྲོལ་མ།
          རྩིས་འཁོར་ཁྱབ་གདལ་དུ་སོང་བ་དང་མཉམ་དུ་མི་གང་མང་ཞིག་རྩིས་འཁོར་དང་འབྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། ཡིན་ན་ཡང་རྩིས་འཁོར་གྱིས་མི་རྣམས་ཀྱི་མིག་དབང་དང་ལུས་ཀྱི་འགུལ་སྐྱོད་བྱེད་ནུས་ལ་གནོད་སྐྱོན་ཆེན་པོ་བཟོ་བ་ཡིན། དཔེར་ན་སྐེ་ཚིགས་རེངས་པ་དང་མིག་དབང་གི་ནུས་པ་ཞན་པར་འགྱུར་བ། མགོ་ན་བ་སོགས་ནི་རྒྱུན་མཐོང “རྩིས་འཁོར་གྱི་ནད”ཡིན། ནད་རྟགས་འདི་དག་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་རྩིས་འཁོར་བེད་སྤྱོད་བྱེད་མཁན་གྱི་གོམས་གཤིས་མི་ལེགས་པར་རག་ལས་པ་རེད། དེར་མཉམ་འཇོག་ལེགས་པོ་བྱ་དགོས།
          གཅིག འདུག་སྟངས་ལེགས་དགོས།
          རྩིས་འཁོར་བེད་སྤྱོད་བྱེད་མཁན་གྱིས་ཐོག་མར་རང་གི་ངོས་དང་མཉམ་པ་དང་། མར་ཕྱོགས་ཏེ་བལྟ་དགོས།
          གཉིས། གསལ་ཚད་དང་བསྡུར་ཚད་འོས་འཚམ་ཡིན་དགོས།
          རྩིས་འཁོར་བེད་སྤྱོད་བྱེད་དུས་བརྙན་ཤེལ་གྱི་གསལ་ཚད་ཆེ་ན། བརྙན་ཤེལ་གྱི་འགྱེད་འཕྲོ་ཇེ་ཆེར་སོང་ནས་བརྙན་ཤེལ་རང་ཉིད་ཀྱི་མིག་གྱི་བཀོལ་ཡུན་ཇེ་ཐུང་དུ་འགྲོ་བ་དང་།རྩིས་འཁོར་གྱི་བརྙན་དབང་ལའང་གནོད་པ་ཐེབས་སྲིད།རྩིས་འཁོར་གྱི་བརྙན་ཤེལ་ཉོ་དུས་ལྗང་མདོག་སྟེ་ཁོར་ཡུག་སྲུང་སྐྱོབ་ཀྱི་མཚོན་རྟགས་ཡོད་པའི་རྩིས་འཁོར་བརྙན་ཤེལ་སྤུས་ལེགས་ཉོ་དགོས།“ལྗང་མདོགས་རྩིས་འཁོར་བརྙན་ཤེལ་ཉོས་ན་འགྱེད་འཕྲོ་ཆུང་ཞིང་གློག་རིན་གྲོན་ཆུང་བྱེད་ཐུབ་པར་མ་ཟད། མིའི་བདེ་ཐང་ལའང་གནོད་པ་ཅུང་ཆུང་བ་ཡིན།
          གསུམ།གཙང་སྦྲ་བཟང་བོ་བྱས་ཏེ་སྲོལ་ངན་འདོར་དགོས།
          རྩིས་འཁོར་ནི་བརྙན་འཕྲིན་དང་མཚུངས་པར་དུས་ཚོད་རིང་བོར་བེད་སྤྱོད་བྱས་ན། རྩིས་འཁོར་བརྙན་ཤེལ་ངོས་ཀྱི་ཞི་གློག་སྟེང་དུ་འབྱར་བའི་ཐལ་རྡུལ་མིའི་སྐྱི་ལྤགས་སྟེང་དུ་འགོ་སྲིད། ཐལ་རྡུལ་དེས་པགས་པའི་ནད་འབྱུང་དུ་འཇུག་པས་ན།རྩིས་འཁོར་སྤྱད་ཐེངས་རེར་ལག་པ་སོགས་བཀྲུས་ཏེ་གཙང་སྦྲ་བྱེད་དགོས། གཞན་རྩིས་འཁོར་བེད་སྤྱོད་བྱེད་ཞོར་དུ་ཟ་མ་བཟའ་མི་རུང་། དུས་ལྟར་ཟ་མ་ཟོས་རྗེས་ངལ་གསོ་ཅུང་ཟད་བྱས་ཏེ་རྩིས་འཁོར་བེད་སྤྱོད་བྱས་ན། ཟས་མི་འཇུ་བ་སོགས་ཀྱི་ནད་མི་འབྱུང་བར་ཕན་པ་ཡོད།
          བཞི། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱ་དགོས།
          དྲ་རྒྱར་འཇུག་པ་དང་རྩིས་འཁོར་གྱི་རྩེད་མོར་གཡེང་ནས་དུས་ཚོད་གཅིག་འགོར་ན།དུས་ཚོད་སྐར་མ5ལ་ངལ་གསོ་བྱས་ཏེ། རྐང་ལག་དང་སྐེ་ཚིགས། མཛུབ་མོའི་ཚིགས་བཅས་འགུལ་སྐྱོད་བྱ་དགོས། མིག་གི་གསང་མིག་ནོན་པ་དང་། རྒྱང་ལྟ་བྱེད་པའམ་ཡང་ན་ལྗང་མདོག་གི་རྩི་ཤིང་སོགས་ལ་བལྟས་ན་མིག་དབང་གི་ངལ་དུབ་སེལ་ཐུབ།
          ལྔ། ཇ་མང་བོ་འཐུང་བ་དང་སིལ་ཏོག་མང་བོ་བཟའ་དགོས།
          ཇའི་ནང་དུ་ཇ་བུལ་སོགས་མིའི་ལུས་ཕུང་ལ་ཕན་པའི་དངོས་རྫས་མང་བོ་འདུས་དེས་དྲན་པ་གསོ་བ་དང་མིག་ཇེ་གསལ་དུ་གཏོང་ཐུབ་པས། རྩིས་འཁོར་རྒྱུན་དུ་བེད་སྤྱོད་བྱེད་མཁན་ཞིག་ཡིན་ན་ཇ་མང་བོ་བཏུང་དགོས། སིལ་ཏོག་གི་ནང་མིའི་སྐྱི་ལྤགས་ལ་ཕན་དུ་འཚོ་བཅུད་མང་བོ་འཛོམས་པས།མིའི་སྐྱི་ལྤགས་ལ་ཕན་པར་མ་ཟད། རྩིས་འཁོར་བརྙན་ཤེལ་གྱི་འགྱེད་འཕྲོའི་གནོད་པའང་ཇེ་ཉུང་དུ་གཏོང་ཐུབ། 
 
རྩོམ་སྒྲིག་པ། ལྷ་འབྲུག