དང་བླངས་ཞབས་ཞུ་དང་གཞོན་ནུ་ལོ་ཆུང་།

མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ནན་ཏིང་ཀེར་གྱི་ནད་སྐྱོང་དང་བླངས་ཞབས་ཞུ་རུ་ཁག་གིས་སྐབས་དང་པའི་“རྒན་སྐྱོར་དང་བདེ་ཐང་སྲུང་སྐྱོབ”ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ།

སྤེལ་དུས།:2023-10-08 08:09:28    ཡོང་ཁུངས།: རྒྱ་གྲམ་དམར་པོའི་ཚོགས་པའི་རྒྱ་ཡིག་དྲ་བ།    རྡེབ་ཚད། :0 
 

མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ནན་ཏིང་ཀེར་གྱི་ནད་སྐྱོང་དང་བླངས་ཞབས་ཞུ་རུ་ཁག་གིས་སྐབས་དང་པའི་“རྒན་སྐྱོར་དང་བདེ་ཐང་སྲུང་སྐྱོབ”ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ།

      “མི་ཆོས་དང་།བྱམས་བརྩེ།གསོལ་འབུལ”བཅས་ཀྱི་རྒྱ་གྲམ་དམར་པོའི་སྙིང་སྟོབས་དང“སྐྱེས་འབུལ།མཛའ་བརྩེ།རོགས་རེས།འཕེལ་རྒྱས”བཅས་ཀྱི་དང་བླངས་པའི་སྙིང་སྟོབས་དར་སྤེལ་གཏོང་ཆེད། ཟླ4ཚེས་28ཉིན“འཛམ་གླིང་རྒྱ་གྲམ་དམར་པོ་ཚོགས་པའི་ཉིན་མོ”ཐེངས་76པ་དང“ནད་གཡོག་དུས་ཆེན”ཐེངས་112པ་ཐོན་ཉིན་ཡོད་པའི་སྐབས་སུ་གསར་དུ་བཙུགས་པའི་མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ནན་ཏིང་ཀེར་ནད་གཡོག་དང་བླངས་ཞབས་ཞུ་རུ་ཁག་གསེར་ཆེན་རྫོང་རྒན་གསོ་ཁང་དུ་བསྐྱོད་ནས“བྱམས་སེམས་རྒན་སྐྱོར་དང་བདེ་ཐང་སྲུང་བའི”དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།    

        བྱེད་སྒོ་སྤེལ་པའི་དུས་ཡུན་ནང་། མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ནན་ཏིང་ཀེར་ནད་གཡོག་དང་བླངས་ཞབས་ཞུ་རུ་ཁག་གི་དང་བླངས་པ15ཡིས་རྒན་གསོ་ཁང་གི་རྒན་རྒོན་ཚོར་བདེ་ཐང་ལྟ་ཞིབ་དང་། བདེ་ཐང་སྐོར་གྱི་དྲིལ་བསྒྲགས་སློབ་གསོ། སེམས་ཁམས་ཁྲིད་སྟོན་བཅས་བྱས་པ་མ་ཟད། ཁོང་ཚོ་དང་ཁ་བརྡ་བྱས་ནས་རྒན་རྒོན་ཚོའི་འཚོ་བའི་འགྲོ་འདུག་དང་གཟུགས་པོའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས་ཏེ་རྒན་རྒོན་ཚོར་རྒྱ་གྲམ་དམར་པོའི་དང་བླངས་པ་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་གཅེས་སྐྱོང་ཚོར་ཐུབ་པར་བྱས། རྒན་གསོ་ཁང་གི་རྒན་རྒོན་རྣམས་གྱི་རྒྱུན་གཏན་གནད་དོན་ལ་དམིགས་ཏེ་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུ་རུ་ཁག་གིས་གསེར་ཆེན་རྫོང་རྒན་གསོ་ཁང་གི་ལས་དོན་མི་སྣ་14ལ་སྙིང་དང་གློ་བའི་སླར་གསོ་དང་། དབུགས་ལམ་འགག་པ། ཧའེ་མུའུ་ལི་ཁེའི་མྱུར་སྐྱོབ་བྱེད་ཐབས། བསམ་ཡུལ་ལས་འདས་པའི་གནས་ཚུལ་སོགས་འཕྲལ་སྡོམ་མྱུར་སྐྱོབ་ནུས་རྩལ་གསོ་སྦྱོང་བྱས་ནས་རྒན་རྒོན་ཚོར་འཕྲལ་སྡོམ་མྱུར་སྐྱོབ་ཀྱི་རིགས་པའི་གཞུང་ལུགས་དང་། བཀོལ་སྤྱོད་བྱེད་ཐབས། དོ་སྣང་བྱེད་དགོས་པའི་གནད་དོན་དག་ལ་འགྲེལ་བཤད་ཞིབ་ཕྲ་དང་དངོས་སྦྱོང་བྱས་པ་རེད། དེ་དང་ཆབས་ཅིག་ཏུ། རྒན་གསོ་ཁང་གི་རྒན་རྒོན་40ལ་འཕྲལ་སྡོམ་མྱུར་སྐྱོབ་སྒམ་6དང་ལྷམ་40སྤྲད། དངོས་པོ་དེ་དག་དངུལ་ལ་ཕབ་ན་སྒོར་ཁྲི་1.3ཟིན་ཡོད་པ་རེད།  

        ཐེངས་འདིའི་བྱེད་སྒོའི་ནང་རྒན་རྒོན་ལ་བརྩི་བཀུར་དང་། རྒན་རྒོན་ལ་དགའ་ཞེན།    རྒན་རྒོན་ལ་རོགས་རམ་བཅས་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་དུ་བཏང་ཡོད་ལ།  རྒན་རྒོན་ཚོར་བདེ་ཐང་གི་“འགོག་སྲུང་གདུགས”སྔར་ལས་བཏོན་ཏེ་རྒན་རྒོན་ལ་གཅེས་སྐྱོང་དང་རྒན་རྒོན་གྱི་བདེ་ཐང་སྲུང་རྒྱུ་དེ་རུ་མི་ཚང་མའི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་ཡོད།   འདིའི་ཐོག་ནས་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་ཞབས་ཞུ་རུ་ཁག་གིས་དམངས་ལ་ཞབས་འདེགས་ཞུ་བ་དང་།    དམངས་ལ་ཕན་འདོགས་པ། དམངས་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་འདུ་ཤེས་གང་ལེགས་མངོན་ནས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།     

15-17-50-19-30.png

[ ལག་ཁྱེར་ཁ་པར་ཐོག་གི་རྩ་གཉིས་ཨང་རིས་བཤེར་ནས་མིག་སྔའི་དྲ་ངོས་འབྱེད་རོགས། ]

人民团体
青海红会公众号
网站找错
红十字会小程序