རྒྱ་གྲམ་དམར་པོའི་དང་བླངས་པ།

དང་བླངས་ཞབས་ཞུའི་གཞི་རྩའི་བརྡ་ཆད།

སྤེལ་དུས།:2023-10-08 03:40:16    ཡོང་ཁུངས།: རྒྱ་གྲམ་དམར་པོའི་ཚོགས་པའི་རྒྱ་ཡིག་དྲ་བ།    རྡེབ་ཚད། :3 
 

དང་བླངས་ཞབས་ཞུའི་གཞི་རྩའི་བརྡ་ཆད།

དམངས་སྲིད་པུའུ་ཡིསདང་བླངས་ཞབས་ཞུའི་གཞི་རྩའི་བརྡ་ཆདསོགས་ལས་རིགས་གསུམ་གྱི་ཚད་གཞི་འགྲེམ་སྤེལ་བྱས་ཡོད་པའི་སྐོར་གྱི་སྤྱི་བསྒྲགས།

དམངས་སྲིད་པུའུ་ཡི་སྤྱི་བསྒྲགས་ཨང་477པ།

          དང་བླངས་ཞབས་ཞུའི་གཞི་རྩའི་བརྡ་ཆདདང་སྲིད་འཛིན་ས་ཁོངས་ཀྱི་གནས་གྲངས་བརྗེ་རེས་རྣམ་གཞགདེ་བཞིན་སྲིད་འཛིན་ས་ཁོངས་ཀྱི་གཞི་གྲངས་བརྗེ་རེས་རྣམ་གཞགསོགས་འོས་སྦྱོར་རང་བཞིན་གྱི་ལས་རིགས་འདི་ 3 གྱི་ཚད་གཞི་དེ་དམངས་སྲིད་པུའུ་ཡི་ཆོག་མཆན་ཐོབ་སྟེ ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན། 2020ལོའི་ཟླ་3པའི་ཚེས་24ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན།

     ཨང་གྲངས།

      ཚད་གཞིའི་ཨང་གྲངས།

       ཚད་གཞིའི་མིང་།

1

MZ/T 148-2020

དང་བླངས་ཞབས་ཞུའི་གཞི་རྩའི་བརྡ་ཆད།

2

MZ/T 149-2020

སྲིད་འཛིན་ས་ཁོངས་ཀྱི་གནས་གྲངས་བརྗེ་རེས་རྣམ་གཞག

3

MZ/T 150-2020

སྲིད་འཛིན་ས་ཁོངས་ཀྱི་གཞི་གྲངས་བརྗེ་རེས་རྣམ་གཞག

                                                                                                དམངས་སྲིད་པུའུ།

2020ལོའི་ཟླ་3པའི་ཚེས་24ཉིན།

MZ/T 148-2020དང་བླངས་ཞབས་ཞུའི་གཞི་རྩའི་བརྡ་ཆདལས་རིགས་ཀྱི་ཚད་གཞི་ནི་དམངས་སྲིད་པུའུ་ཡི་དགེ་སྒྲུབ་བྱ་གཞག་ལ་སྐུལ་འདེད་དང་སྤྱི་ཚོགས་ལས་དོན་སིས་བཏོན་པ་དང་། རྒྱལ་ཡོངས་སྤྱི་ཚོགས་ལས་དོན་ཚད་ལྡན་ཅན་གྱི་ལག་རྩལ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པར་མ་ཟད་འགྲེལ་བཤད་རྒྱག་དགོས པེ་ཅིན་དང་བླངས་ཞབས་ཞུའི་འཕེལ་རྒྱས་ཞིབ་འཇུག་ཚོགས་པ་དང་། པེ་ཅིན་གྲོང་ཁྱེར་གྱི་དང་བླངས་ཞབས་ཞུའི་མཛུབ་སྟོན་ལྟེ་གནས། ཀྲུང་གོ་གཞོན་ནུའི་ཆབ་སྲིད་སློབ་གླིང་། སྤྱི་ཚོགས་ལས་དོན་སློབ་གླིང་། ཧུའུ་པེ་ཞིང་ཆེན་ཚད་ལྡན་ཅན་དང་སྤུས་ཚད་ཞིབ་འཇུག་གླིང་སོགས་ཀྱིས་འཆར་ཟིན་བཀོད།

དང་བླངས་ཞབས་ཞུའི་གཞི་རྩའི་བརྡ་ཆད།

1 ཁྱབ་ཁོངས།

ཚད་གཞི་འདིས་དང་བླངས་ཞབས་ཞུ་དང་དང་བླངས་པ། དེ་བཞིན་དང་བླངས་ཞབས་ཞུའི་རྩ་འཛུགས་ཀྱི་གཞི་རྩའི་བརྡ་ཆད་དང་མཚན་ཉིད་ལ་དབྱེ་འབྱེད་བྱས་ཡོད།

ཚད་གཞི་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་སྤེལ་བའི་དང་བླངས་ཞབས་ཞུར་སྤྱོད་ཆོག

2 དང་བླངས་ཞབས་ཞུ།

2.1 དང་བླངས་ཞབས་ཞུ། voluntary service

དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། རྩ་འཛུགས་གཞན་དག་བཅས་ཀྱིས་རང་མོས་དང་རིན་དོད་མེད་པར་སྤྱི་ཚོགས་སམ་སྐྱེ་བོ་གཞན་ལ་འདོན་སྤྲོད་བྱས་པའི་སྤྱི་ཕན་ཞབས་ཞུ།

2.2 དང་བླངས་ཞབས་ཞུའི་སྙིང་སྟོབས།spirit of volunteerism

ལེགས་སྐྱེས། བརྩེ་བ། རོགས་རམ། འཕེལ་རྒྱས།

2.3 དང་བླངས་ཞབས་ཞུའི་རིག་གནས། culture of volunteerism

དང་བླངས་པ་དང་དང་བླངས་ཞབས་ཞུའི་རྩ་འཛུགས། སྤྱི་ཚོགས་ཀྱིས་ཁས་བླངས་པའི་དང་བླངས་ཞབས་ཞུའི་ལས་འགན་དང་། འདོད་བློ། དམིགས་ཡུལ། འདུ་ཤེས། རིན་ཐང་ལྟ་བ་སོགས་ཀྱི་བསམ་པའི་རྒྱུ་རྐྱེན་གཙོ་བོ་དང་དེ་བཞིན་བསམ་པའི་རྒྱུ་རྐྱེན་གཙོ་བོ་དེ་དག་མཚོན་པའི་དངོས་པོ་ཅན་གྱི་གཞི་རྟེན་དང་ལམ་ལུགས་ཀྱི་ཇུས་འགོད།

2.4 དང་བླངས་ཞབས་ཞུའི་ལམ་ལུགས། volunteer service system

དང་བླངས་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གཏན་འབེབས་བྱས་པའི་དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་ལས་དོན་པ་བཅས་ཀྱིས་བརྩི་སྲུང་ཞུ་བའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། སྲིད་ཇུས་བཅས་དང་དེ་བཞིན་ཚད་གཞི་བཅས་ཡིན།

2.5 དང་བླངས་ཞབས་ཞུའི་བྱ་འགུལ། volunteer activity

དང་བླངས་པ་དང་དང་བླངས་ཞབས་ཞུའི་རྩ་འཛུགས། རྩ་འཛུགས་གཞན་དག་བཅས་ཀྱིས་སྤེལ་བའམ་བྱ་འགུལ་ནང་ཞུགས་པའི་དང་བླངས་ཞབས་ཞུའི་བྱ་སྤྱོད་ལ་ཟེར།

2.6 དང་བླངས་ཞབས་ཞུའི་རྣམ་གྲངས། volunteer project

དུས་འཁོར་ངེས་ཅན་ཞིག་གི་ནང་དུ་དམིགས་བཙུགས་ཞབས་ཞུ་བྱ་ཡུལ་དང་ཁྱབ་ཁོངས་ལ་དམིགས་ནས་སྤེལ་བ་ཡིན་ན། ཞབས་ཞུའི་དམིགས་འབེན་དང་ཞབས་ཞུའི་དུས་ཚོད། ཞབས་ཞུའི་ནང་དོན། ཞབས་ཞུའི་འགན་སྲུང་བཅས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཁ་གསལ་ལྡན་དགོས།

2.7 དང་བླངས་ཞབས་ཞུའི་མིང་རྟགས་དྲགས་ཅན། volunteer service brand

ཞབས་ཞུའི་གྲུབ་འབྲས་འབུར་ཐོན་ཡིན་པ་དང་། རྒྱ་ཆེའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་། ཀུན་གྱིས་ཡིད་ཆེས་བྱེད་ནུས། མཚན་སྙན་གྲགས་བཅས་ལྡན་པའི་དང་བླངས་ཞབས་ཞུ་ལ་གོ་དགོས།

2.8 དང་བླངས་ཞབས་ཞུའི་བླང་བྱ། need for voluntary service

མི་སྒེར་དང་ཚོགས་སྤྱི་དང་། རྩ་འཛུགས། སྤྱི་ཚོགས་བཅས་ཀྱིས་དང་བླངས་ཞབས་ཞུར་བརྟེན་ནས་ཐག་གཅོད་བྱ་རྒྱུའི་ལས་དོན།

2.9 དང་བླངས་ཞབས་ཞུའི་དོ་དམ། voluntary service management

དང་བླངས་ཞབས་ཞུར་སྒྲིག་འཛུགས་དང་། མཐུན་སྦྱོར། ཁྲིད་སྟོན། ཚད་ལྡན། ལྟ་སྐུལ་བཅས་བྱེད་པའི་བརྒྱུད་རིམ་ལ་ཟེར།

2.10 དང་བླངས་ཞབས་ཞུའི་གཉེར་སྐྱོང་དོ་དམ། voluntary service operations management

དང་བླངས་ཞབས་ཞུའི་རྩ་འཛུགས་དང་དེས་སྤེལ་བའི་དང་བླངས་ཞབས་ཞུའི་བྱེད་སྒོར་འཆར་གཞི་དང་། ལག་བསྟར། ལྟ་སྐུལ་ཚོད་འཛིན། རྒྱུན་མཐུད་ངང་ལེགས་བཅོས་བཅས་བྱེད་པའི་བརྒྱུད་རིམ་ལ་ཟེར།

2.11 དང་བླངས་ཞབས་ཞུའི་བྱ་ཡུལ། voluntary service recipient

དང་བླངས་ཞབས་ཞུའི་ཕྱོགས་མི་སྒེར་དང་། རྩ་འཛུགས། བྱ་དངོས་དང་དེ་བཞིན་ཁོར་ཡུག་བཅས་ལ་ཟེར།

2.12 དང་བླངས་ཞབས་ཞུའི་ལས་གནས། volunteer service position

དང་བླངས་ཞབས་ཞུའི་དགོས་མཁོ་སྐོང་ཆེད་བཙུགས་པའི་ལས་གནས་ཤིག་ཡིན། དང་བླངས་པས་འབྲེལ་ཡོད་ཀྱི་འགན་འཁྲི་དང་། རེ་འདུན། ཚད་ལྡན་གྱི་བྱ་བ་སོགས་ལས་འགན་འཁུར་དགོས།

2.13 དང་བླངས་ཞབས་ཞུའི་དུས་ཚོད། volunteer hours

དང་བླངས་པས་དོན་དངོས་སུ་མཁོ་འདོན་བྱས་པའི་དུས་ཚོད་ནི་རྩིས་གཞིའི་ཞབས་ཞུའི་དུས་ཚོད་ཡིན།

2.14 དང་བླངས་ཞབས་ཞུའི་ཟིན་ཐོ། voluntary service records

དང་བླངས་ཞབས་ཞུའི་རྩ་འཛུགས་དང་ཁྲིམས་ལྟར་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བའི་རྩ་འཛུགས་གཞན་དག་གིས་དང་བླངས་པའི་དང་བླངས་ཞབས་ཞུའི་ནང་ཞུགས་པའི་ཆ་འཕྲིན་ཟིན་ཐོར་འགོད་དགོས།

དོ་སྣང་བྱེད་དགོས་ས། ཟིན་ཐོའི་ཆ་འཕྲིན་ལ་སྤྱིར་བཏང་དུ་དང་བླངས་པའི་ཐོབ་ཐང་ཆ་འཕྲིན་དང་། ཞབས་ཞུའི་ལག་རྩལ། ཞབས་ཞུའི་དུས་ཚོད། འབྲེལ་གཏུགས་བྱེད་སྟངས། དེ་བཞིན་དང་བླངས་ཞབས་ཞུའི་གནས་ཚུལ། གསོ་སྐྱོང་སྦྱོང་བརྡར་གྱི་གནས་ཚུལ། གཟེངས་བསྟོད་དང་བྱ་དགའི་གནས་ཚུལ། གདེང་འཇོག་གནས་ཚུལ་སོགས་ཚུད་ཡོད།

2.15 དང་བླངས་ཞབས་ཞུའི་བདེན་དཔང་། certificate of voluntary service

དང་བླངས་ཞབས་ཞུའི་ཟིན་ཐོའི་ཆ་འཕྲིན་དེ། རིན་མེད་དང་དྲང་བདེན་གྱི་སྒོ་ནས་དང་བླངས་པའི་དང་བླངས་ཞབས་ཞུའི་འབྲེལ་ཡོད་ཀྱི་གནས་ཚུལ་རྒྱུ་ཆ་རུ་བཟོས་ཏེ་མཁོ་འདོན་བྱེད་དགོས།

2.16 དང་བླངས་ཞབས་ཞུའི་གྲོས་མཐུན། voluntary service agreement

དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུ་བྱ་ཡུལ་བཅས་དང་དེ་བཞིན་འབྲེལ་ཡོད་ཕྱོགས་གཞན་དག་བར་གྲོས་མཐུན་བྱུང་ན། ཕྱོགས་སོ་སོའི་དང་བླངས་ཞབས་ཞུའི་ཁྲོད་ཀྱི་ཁེ་དབང་དང་འོས་འགན་གྱི་འབྲེལ་བ་དང་ཞབས་ཞུའི་དོན་དག་སོགས་ཀྱི་ནང་དོན་ཐུན་མོང་གི་ཁ་ཆད་གསལ་པོར་འགོད་དགོས།

2.17 དང་བླངས་ཞབས་ཞུའི་ཉེན་ཁ། risk in voluntary service

དང་བླངས་ཞབས་ཞུའི་ཁྲོད་དུདང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུ་སྒྲུབ་ཡུལ། ཡང་ན་འབྲེལ་ཡོད་ཕྱོགས་གཞན་དག་བཅས་ལ་ཉེན་ཁ་དང་། གནོད་པ། གྱོང་གུན་བཅས་ཀྱི་ངེས་གཏན་མེད་པའི་ཉེན་ཁ་ལ་གོ་དགོས།

2.18 དང་བླངས་ཞབས་ཞུའི་འགན་སྲུང་། voluntary service assurance

དང་བླངས་ཞབས་ཞུ་རྒྱུན་ལྡན་ངང་སྤེལ་བ་དང་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་ཀྱི་ཁེ་དབང་འགན་ལེན་བྱེད་ཆེད་ལམ་ལུགས་ཇུས་འགོད་དང་བྱེད་ཐབས་ཞིབ་ཕྲ་སྤྱོད་དགོས།

དོ་སྣང་བྱེད་དགོས་ས། ཞིབ་ཕྲའི་རྣམ་པའི་ཐོག་ནས་དང་བླངས་ཞབས་ཞུའི་སྲིད་ཇུས་དང་ཁྲིམས་སྲོལ་དང་དེ་བཞིན་དང་བླངས་པའི་ཁ་གསབ། དང་བླངས་པའི་འགན་བཅོལ། ཡུལ་དངོས་ནས་དང་བླངས་ཞབས་ཞུ་བྱེད་པ། དང་བླངས་ཞབས་ཞུའི་གསོ་སྦྱོང་སོགས་ཡོད།

2.19 དང་བླངས་ཞབས་ཞུའི་དཔྱད་དཔོག voluntary service evaluation

 ཚན་རིག་དང་མཐུན་ཞིང་མ་ལག་ལྡན་པའི་བྱེད་ཐབས་ལ་བརྟེན་ནས་དང་བླངས་ཞབས་ཞུར་དོ་དམ་དང་། བྱེད་སྒོའི་རྣམ་གྲངས། དེ་བཞིན་ཞབས་ཞུའི་ཕན་འབྲས་བཅས་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་ཞི་འཇགས་རྣམ་པའི་ཕྱོགས་སྡོམ་ལ་དཔྱད་ཞིབ་བྱེད་དགོས།

2.20 དང་བླངས་ཞབས་ཞུའི་དུས་ཚོད་དངུལ་ཁང་།” voluntary service “time bank”

དང་བླངས་ཞབས་ཞུ་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་ཆེད། དང་བླངས་ཀྱི་ཞབས་ཞུའི་དུས་ཚོད་གསོག་འཇོག་བྱེད་པའི་ལམ་ལུགས་ཤིག་བཙུགས་པ།

         2.21 དང་བླངས་ཞབས་ཞུའི་མཁོ་འདོན་འབྲེལ་མཐུད། matching supply and demand for voluntary service

          དང་བླངས་ཞབས་ཞུའི་ཐོན་ཁུངས་དང་དང་བླངས་ཞབས་ཞུའི་དགོས་མཁོར་ཕན་ནུས་ལྡན་པའི་སྒོ་ནས་མཐུན་སྦྱོར་བྱེད་པའི་བརྒྱུད་རིམ་ཞིག་ཡིན།

          2.22 ཆེད་ལས་ཀྱི་དང་བླངས་ཞབས་ཞུ། professional voluntary service

          ཆེད་ལས་རྩལ་ནུས་ལ་བརྟེན་ནས་མཁོ་འདོན་བྱས་པའི་ལས་རིགས་སམ། ཡང་ན་ལས་རིགས་ཀྱི་ཚད་གཞིའི་སྒྲིག་སྲོལ་དང་མཐུན་པའི་དང་བླངས་ཞབས་ཞུར་ཟེར།

          3 དང་བླངས་པ།

          3.1དང་བླངས་པ། volunteer

           རང་ཉིད་ཀྱི་དུས་ཚོད་དང་ཤེས་བྱ། ལག་རྩལ། ལུས་སྟོབས་སོགས་ཀྱིས་དང་བླངས་ཞབས་ཞུ་སྒྲུབ་པའི་མི་ལ་ཟེར།

     3.2 དང་བླངས་པའི་དོ་དམ། volunteer management

          འཆར་གཞི་དང་། རྩ་འཛུགས། བཀོད་འདོམས། མཐུན་སྦྱོར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དང་བླངས་པ་བསྡུ་ལེན་དང་། གསོ་སྐྱོང་སྦྱོང་བརྡར། བེད་སྤྱོད། གདེང་འཇོག སྐུལ་ལྕག་བཅས་ཀྱི་ལས་དོན་སྤེལ་ནས་དུས་བཀག་ལྟར་དམིགས་ཚད་ལ་སླེབས་པའི་བརྒྱུད་རིམ་ལ་གོ་དགོས།

         3.3 དང་བླངས་པའི་བསྡུ་ལེན། volunteer recruitment

         འབྲེལ་ཡོད་ཆ་རྐྱེན་འཛོམས་པའི་དང་བླངས་པ་བསྡུ་ལེན་བྱེད་ཆེད་སྐུལ་སློང་དང་གདམ་གསེས་སོགས་ཀྱི་བྱེད་སྒོ་སྤེལ་བ།

        3.4 དང་བླངས་པའི་ཐོ་འགོད། volunteer registration

        དང་བླངས་པས་རང་ཉིད་མི་སྒེར་གྱི་གནས་ཚུལ་ངོ་མ་དང་། ཡང་དག་པ། ཆ་ཚང་བ་བཅས་ཡིན་པའི་གཞི་རྩའི་ཆ་འཕྲིན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་དང་བླངས་ཞབས་ཞུའི་ཆ་འཕྲིན་མ་ལག་གམ་ཡང་ན་དང་བླངས་ཞབས་ཞུའི་རྩ་འཛུགས་བརྒྱུད་ནས་ཐོ་འགོད་བྱེད་པའི་བརྒྱུད་རིམ་ཡིན།

3.5 དང་བླངས་པའི་གསོ་སྦྱོང་། volunteer training

དང་བླངས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས་དང་བླངས་པར་དང་བླངས་ཞབས་ཞུར་མཁོ་བའི་འདུ་ཤེས་དང་། ཤེས་བྱ། རྩལ་ནུས་སོགས་ཁྲིད་པའི་བྱེད་སྒོ་ལ་གོ་དགོས།

དོ་སྣང་བྱེད་དགོས་ས། དང་བླངས་པའི་གསོ་སྦྱོང་ལ་སྤྱིར་བཏང་དུ་དང་བླངས་པའི་ཐུན་མོང་བཀོལ་སྤྱོད་ཀྱི་གསོ་སྦྱོང་དང་། ཆེད་ལས་ཀྱི་གསོ་སྐྱོང་སྦྱོང་བརྡར། ལས་གནས་ཀྱི་གསོ་སྐྱོང་སྦྱོང་བརྡར་བཅས་སུ་དབྱེ།

3.6 དང་བླངས་པའི་ཐུན་མོང་བཀོལ་སྤྱོད་ཀྱི་གསོ་སྦྱོང་། general volunteer training3.7

དང་བླངས་པའི་དང་བླངས་ཞབས་ཞུའི་འདུ་ཤེས་དང་། ཁེ་དབང་དང་འོས་འགན་སོགས་ཀྱི་རྨང་གཞིར་དམིགས་ནས་སྤེལ་པའི་གསོ་སྦྱོང་།

3.7 དང་བླངས་པའི་ཆེད་ལས་གསོ་སྦྱོང་། professional volunteer training

དང་བླངས་པའི་ལས་རིགས་ནུས་རྩལ་དང་ལག་རྩལ་ཚད་ལྡན་སོགས་ཀྱི་ཆེད་ལས་ཤེས་བྱར་དམིགས་ནས་སྤེལ་པའི་གསོ་སྦྱོང་།

3.8 དང་བླངས་པའི་ལས་གནས་གསོ་སྦྱོང་། volunteer assignment training

དང་བླངས་པའི་བྱ་བའི་འོས་འགན་དང་ལས་དོན་བརྒྱུད་རིམ། དེ་བཞིན་ཞབས་ཞུ་རྣམ་དག་ཡིན་པར་དམིགས་ནས་སྤེལ་པའི་གསོ་སྦྱོང་།

3.9 དང་བླངས་པའི་སྐུལ་འདེད། volunteer incentives

དང་བླངས་པར་དང་བླངས་ཞབས་ཞུའི་ནང་ཞུགས་པར་སྐུལ་སློང་བྱེད་པའི་བྱེད་ཐབས་ཤིག་ཡིན།

3.10 དང་བླངས་པའི་ཉེན་འགོག་འགན་ལེན། volunteer insurance

 དང་བླངས་ཞབས་ཞུའི་ཉེན་ཁར་ལྡན་པས། དང་བླངས་པར་དང་བླངས་ཞབས་ཞུའི་ནང་ཞུགས་པའི་རིང་ལ་ཉེན་འགོག་འགན་ལེན་ཐོབ་པ་རེད།

3.11 དང་བླངས་པའི་ཁ་གསབ། volunteer allowance

དང་བླངས་ཞབས་ཞུའི་རྩ་འཛུགས་སམ་རྩ་འཛུགས་གཞན་དག་གིས་དང་བླངས་པས་དང་བླངས་ཞབས་ཞུའི་ཁྲོད་བཏང་བའི་འགྲིམ་འགྲུལ་དང་། འཕྲིན་སྐྱེལ། བཟའ་བཏུང་སོགས་ཀྱི་འགྲོ་གྲོན་ལ་ཁ་གསབ་རོགས་དངུལ་སྤྲོད་དགོས།

3.12 དང་བླངས་པའི་དཔང་ཡིག volunteer card

དང་བླངས་པས་རང་ཉིད་དང་བླངས་བ་ཞིན་ཡིན་པའི་དཔང་ཡིག་བཟུང་ནས་བདེན་དཔང་བྱེད་དགོས།

3.13 སྐར་རིམ་དང་བླངས་པ། star volunteer

        དང་བླངས་ཞབས་ཞུའི་དུས་ཚོད་དང་ཞབས་ཞུའི་སྤུས་ཚད་སོགས་དཔྱད་ཞིབ་ཚད་གཞིར་གཞིགས་ནས་སྐར་རིམ་དང་བླངས་པར་གཏན་འཁེལ་བྱས་པའི་དང་བླངས་པ་ལ་ཟེར།

3.14 དང་བླངས་པའི་ཁེ་དབང་སྲུང་སྐྱོང་། volunteer rights and interests protection

དང་བླངས་པ་བྱ་འགུལ་ནང་ཞུགས་པའི་དབང་ཆ་དང་། གནས་ཚུལ་ཤེས་རྟོགས་བྱེད་དགོས་པའི་དབང་ཆ།  མིའི་ལ་རྒྱ་དང་། མི་ལུས་བདེ་འཇགས། མི་སྒེར་གྱི་གསང་དོན་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱ་ཆེད་མཁོ་འདོན་བྱས་པའི་སྲུང་སྐྱོང་བྱེད་ཐབས་ཤིག་ཡིན།

3.15 དང་བླངས་པའི་མི་གཤིས་བསྲུང་བྱ། volunteer code of ethics

དང་བླངས་པས་དང་བླངས་ཞབས་ཞུའི་ནང་ཞུགས་སྐབས་སུ་བསམ་བློ་རྣམ་དག་དང་ཀུན་སྤྱོད་གཙང་མའི་རྩ་དོན་དེ་ངེས་པར་དུ་བརྩི་སྲུང་བྱེད་དགོས།

4 དང་བླངས་ཞབས་ཞུའི་རྩ་འཛུགས།

4.1 དང་བླངས་ཞབས་ཞུའི་རྩ་འཛུགས།  voluntary organization

ཁྲིམས་ལྟར་རྩ་འཛུགས་བྱས་ཏེ། དང་བླངས་ཀྱི་ཞབས་ཞུ་ཁོ་ན་སྤེལ་བ་ལས་ཁེ་གཉེར་རང་བཞིན་མིན་པའི་རྩ་འཛུགས་ཤིག་ཡིན།

དོ་སྣང་བྱེད་དགོས་ས། དང་བླངས་ཞབས་ཞུའི་རྩ་འཛུགས་ཀྱིས་སྤྱི་ཚོགས་ཀྱི་ཚོགས་པ་དང་། སྤྱི་ཚོགས་ཞབས་ཞུའི་ལས་ཁུངས། ཐེབས་རྩ་ཚོགས་པ་སོགས་རྩ་འཛུགས་ཀྱི་རྣམ་པ་སྤྱད་ཆོག།

4.2 དང་བླངས་ཞབས་ཞུའི་ཚོགས་པ། voluntary group

སྡེ་ཁུལ་དང་སྡེ་ཚན་གྱིས་གྲོས་མཐུན་བྱུང་རྗེས་དང་བླངས་ཀྱི་ཞབས་ཞུ་སྤེལ་བར་དམིགས་ཡུལ་དུ་བཟུང་ནས་རྩ་འཛུགས་ཀྱི་ཚོགས་པ་ལ་ཟེར། འོན་ཀྱང་ཁྲིམས་ལྟར་ཐོ་འགོད་བྱས་མེད་པའི་ཚོགས་པ་མང་ཆེ་བས་དང་བླངས་ཞབས་ཞུའི་རུ་ཁག་སོགས་ཀྱི་རྣམ་པའི་ཐོག་ནས་བཙུགས་པ་དང་། སྤྱིར་བཏང་དུ་དེའང་དང་བླངས་ཞབས་ཞུའི་ཚོགས་པ་ཟེར།

4.3 དང་བླངས་ཞབས་ཞུའི་ས་ཚིགས། volunteer service station

རྒྱལ་ཁབ་གཞུང་གི་ལས་ཁུངས་དང་། ཁེ་ལས་དང་སྡེ་ཚན། མི་དམངས་ཀྱི་ཚོགས་པ། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རང་བཞིན་གྱི་རྩ་འཛུགས། དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱིས་བཙུགས་པའི་དང་བླངས་ཞབས་ཞུའི་གཏན་འཇགས་ཀྱི་གནས་ཡུལ་ལ་གོ་དགོས

 


[ ལག་ཁྱེར་ཁ་པར་ཐོག་གི་རྩ་གཉིས་ཨང་རིས་བཤེར་ནས་མིག་སྔའི་དྲ་ངོས་འབྱེད་རོགས། ]

人民团体
青海红会公众号
网站找错
红十字会小程序