《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》ཟླ10པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ9པའི་ཚེས15ཉིན་གྱི་སྔ་དྲོར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྡུས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་པ་ལྟར་ན། 《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ་ཡིན)ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 

ཤེས་གསལ་ལྟར་ན།  《སྲོལ་ཡིག》དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྲོལ་ཡིག་ཐོག་མ་དེ་ཡིན་པ་དང་། མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་བསམ་བློ་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པའི་གཅིག་སྡུད་མཚོན་རྟགས་རེད།  མུ་རི་གཏེར་ཁུལ་གྱི་ལོ་གསུམ་རིང་གི་ཕྱོགས་བསྡུས་བཅོས་སྒྲིག་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བའི་ལམ་ལུགས་ཀྱི་འགན་ལེན་གལ་ཆེན་ཞིག་དང་ ། རང་སྐྱོང་ཁུལ་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི“དོན་དག་ཆུང་གྲས་དང་”དང“མགྱོགས་མྱུར་ངང་སྒྲུབ་པའི” ཁྲིམས་འཛུགས་དགེ་མཚན་རབ་ཏུ་མངོན་ཚུལ་ཞིག་ཀྱང་རེད། དེ་ནི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་དང་། བརྟག་ཞིབ་འཆར་འགོད། རིགས་པས་ཁུངས་སྐྱེལ་བཅས་བྱེད་པའི་གོ་རིམ་ཧ་ཅང་གཟབ་ནན་གྱི་ཁྲིམས་འཛུགས་བྱེད་སྒོ་ཞིག་ཀྱང་ཡིན་པས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་བྱེད་ཐུབ་པ་བྱུང་། 

《སྲོལ་ཡིག》ལ་བསྡོམས་པས་དོན་ཚན17ཡོད་པ་དང་། དེ་དག་གིས་འཆར་ཟིན་འགོད་པའི་གཞི་འཛིན་ས་དང་། བེད་སྤྱོད་ཁྱབ་ཁོངས། གཏེར་ཁུལ་གྱི་དབྱེ་མཚམས། བེད་སྤྱོད་རྩ་དོན་སོགས་ཀྱི་ནང་དོན་ལ་གཞིགས་ནས་གཏན་འབེབས་བྱས་ཡོད་པ་དང་། འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཚན་དང་འགན་ནུས་སྡེ་ཚན་གྱི་འགན་འཁྲི་གསལ་བོར་བཟོས་པ་མ་ཟད། འབྲེལ་ཡོད་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ལམ་ལུགས་དང་། བྱ་དགའ་སྟེར་བ་དང་ཆད་པ་གཅོད་པའི་དོན་ཚན། ཁྲིམས་འགལ་སྒྲིག་འགལ་སོགས་ཀྱི་ནང་དོན་ལ་གཏན་འབེབས་གསལ་པོ་བྱས་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།