འཚོལ་བཤེར།   
藏文频道
2023ལོའི་ཟླ་9ཚེས་14ཉིན།

༄༅།།སྟག་རྒན་5ལ་བརྟག་དཔྱད་བྱས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་14ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། ཀྲུང་དབྱང་ཁེ་ལས་ཀྱི་དོ་དམ་མི་སྣ་5ཡིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པས་ད་ལྟ་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།
     གཅིག ཀྲུང་གོའི་ནུས་ཁུངས་འཛུགས་སྐྲུན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྤྱི་ཁྱབ་ཅིང་ལི་སུན་ཧོང་ཧྲུའེ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། ད་ལྟ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྟན་ཁང་གི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་དང་། ཅང་ཞི་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྟན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
     གཉིས། ཀྲུང་གོའི་གྲུ་གཟིངས་ཚོགས་པའི་ཧྭ་ཀྲུང་འོད་གློག་ལག་རྩལ་ཞིབ་འཇུག་སུའོ་ཡི་ཏང་ཨུའི་ཧྲུའུ་ཅི་དང་། སུའོ་ཀྲང་གཞོན་པ་ཟུར་པ་ཀྲའོ་ཁུན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། ད་ལྟ་ཀྲུང་གོའི་གྲུ་གཟིངས་ཚོགས་པའི་སྒྲིག་བཤེར་ཨུ་ལྷན་དང་། ཧུའུ་པེ་ཞིང་ཆེན་ཞའོ་ཀན་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།
     གསུམ། ཀྲུང་གོའི་འབྲུ་རིགས་གསོག་ཉར་ཚོགས་པའི་ནོར་དོན་ཚད་ཡོད་ཀུང་སིའི་ལྟ་ཞིབ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཞའོ་མིང་ཏེ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། ད་ལྟ་ཀྲུང་གོའི་འབྲུ་རིགས་གསོག་ཉར་ཚོགས་པའི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་དང་། ཧེ་ལུང་ཅང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 
     བཞི། ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་རང་བྱུང་སོལ་རླངས་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཟུར་པ་ཝུའུ་ཚན་ཆི་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། ད་ལྟ་ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་དང་། ལེའོ་ཉིང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།
     ལྔ། རྒྱལ་ཁབ་ནུས་ཁུངས་ཚོགས་པ་ཅི་ལིན་གློག་ཤུགས་ཚད་ཡོད་ཀུང་སིའི་རིམ་པ་གཉིས་པའི་ལས་སྒོའི་སྤྱི་ཁྱབ་ལྟ་ཞིབ་པ་ཟུར་པ་ལི་ཀྲན་ཕིང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། ད་ལྟ་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་དང་། ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།