འཚོལ་བཤེར།   
藏文频道
2023ལོའི་ཟླ་9ཚེས་8ཉིན།

༄༅།།རྒྱལ་ཁབ་90ལྷག་ཞུགས་རྒྱུ་གཏན་འཁེལ་ཡོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 09ཚེས་08ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་ཁབ་90ལྷག་ཞུགས་རྒྱུ་གཏན་འཁེལ་ཡོད།
   ཟླ་9ཚེས་7ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། 
གསར་འགོད་པའི་དྲི་བ་བཏོན་དོན། ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་ཟླ་10པར་པེ་ཅིང་དུ་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་འཚོག་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། མགྲིན་ཚབ་པས་གླེང་སྟེགས་ལ་གྲ་སྒྲིག་གང་འདྲ་བྱས་ཡོད་མེད་ངོ་སྤྲོད་བྱེད་ཐུབ་བམ། མིག་སྔར་ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་ག་ཚོད་ཡོད་དམ་ཞེས་དྲིས། 
   མའོ་ཉིང་གིས་དེ་རིང་ནི་ཏག་ཏག་“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”གྱི་གྲོས་འགོ་བཏོན་ནས་ལོ་10འཁོར་ཉིན་རེད། ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་ཟླ་10པར་པེ་ཅིང་དུ་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གཉེར་རྒྱུ་ཡིན། དེ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་10འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་གཟབ་རྒྱས་ཤིག་ཡིན་ལ། ཕྱོགས་ཁག་གིས་ “རྒྱུད་གཅིག་ལམ་གཅིག” སྤུས་ཚད་མཐོ་བའི་མཉམ་སྐྲུན་མཉམ་ལས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན།
   མའོ་ཉིང་གིས་ངོ་སྤྲོད་བྱས་དོན། མིག་སྔའི་བར། རྒྱལ་ཁབ་90ལྷག་ཙམ་གྱི་འཐུས་མི་ཚོགས་འདུར་ཞུགས་རྒྱུའི་གཏན་འཁེལ་བྱས་ཡོད། ཁོང་ཚོའི་ཁྲོད“རྒྱུད་གཅིག་ལམ་གཅིག”གི་རོགས་ཟླའི་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་པུའུ་ཀྲང་སོགས་གཞུང་ཕྱོགས་ཀྱི་འཐུས་མི་ཡོད་ལ། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་མཁན་བཟོ་ཚོང་ལས་རིགས་དང་། རིག་མཛོད། དམངས་ཁྲོད་སྤྱི་ཚོགས་སོགས་ཁྱབ་ཁོངས་ཁག་གི་མི་སྣ་ཡང་ཡོད་པ་རེད། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་དང་། འཐུས་མི་མང་པོ་ཡང་ཚོགས་འདུར་ཞུགས་རྒྱུའི་གཏན་འཁེལ་བྱས་ཡོད། གོམ་སྟབས་རྗེས་མར། མཉམ་ལས་རོགས་ཟླ་དེ་བས་མང་བ་ཚོགས་འདུར་ཞུགས་རྒྱུའི་གཏན་འཁེལ་བྱ་རྒྱུའི་ཡིད་ཆེས་ཡོད།