ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

པཎ་ཆེན་རིན་པོ་ཆེས་འབྲི་གུང་མཐིལ་དགོན་པར་ཆོས་ཕྱོཊ་མཛད་འཕྲིན......

2023-08-28 15:08:00     责编:桑吉卓玛

པཎ་ཆེན་རིན་པོ་ཆེས་འབྲི་གུང་མཐིལ་དགོན་པར་ཆོས་ཕྱོཊ་མཛད་འཕྲིན......

 

པཎ་ཆེན་རིན་པོ་ཆེས་འབྲི་གུང་མཐིལ་དགོན་པར་ཆོས་ཕྱོཊ་མཛད་འཕྲིན་བསྐྱངས་པ། 


       སྤྱི་ཟླ་8ཚེས་24ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ལྷ་སའི་འབྲི་གུང་མཐིལ་དགོན་དུ་ཆོས་ཕྱོགས་མཛད་འཕྲིན་བསྐྱངས་པ་དང་འབྲེལ་དགེ་འདུན་པ་ཚོས་ཐོས་བསམ་སྒོམ་གསུམ་ལ་ཤུགས་སྣོན་དང་ཀུན་སྤྱོད་བཟང་པོ་རྒྱུན་འཁྱོངས་བྱེད་དགོས་པའི་བཀའ་སློབ་གནང་བ་རེད།
 

 

       འབྲི་གུང་མཐིལ་དགོན་པ་ནི་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་དུ་གནས་པ་དང་། བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་པའི་མ་དགོན་ཡིན། འབྲི་གུང་མཐིལ་དགོན་པའི་དགེ་འདུན་པས་བོད་བརྒྱུད་ནང་བསྟན་གྱི་གུས་ལུགས་མཐོ་ཤོས་ལྟར་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས་ཡོད་པ་རེད།
 

 

       པཎ་ཆེན་རིན་པོ་ཆེ་ཕེབས་འབྱོར་ཟིན་རྗེས་གནས་གཟིགས་གནང་བ་དང་འབྲེལ་དགེ་འདུན་པ་རྣམས་ལ་ཕྱག་དབང་ཡང་གནང་བ་རེད། ཁོང་གིས་འབྲི་གུང་མཐིལ་དགོན་དུ་ཕེབས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ལ་དེ་ནི་བཀྲ་ཤིས་པའི་བྱ་བ་ཞིག་ཀྱང་རེད། ད་ཆ་བོད་བརྒྱུད་ནང་བསྟན་འཕེལ་རྒྱས་འགྲོ་བའི་དུས་སྐབས་གལ་ཆེན་དུ་སླེབས་ཡོད་པས་དགེ་འདུན་པ་ཞིག་གི་ངོས་ནས་འདུལ་ཁྲིམས་ནན་པོ་བསྲུངས་ཏེ་བོད་བརྒྱུད་ནང་བསྟན་གྱི་སྙིང་པོ་ལག་ལེན་ཧུར་ཐག་བསྟར་ནས་ནང་བསྟན་དར་རྒྱས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་བྱེད་དགོས་ཞེས་གསུངས་པ་རེད།
 

 

       པཎ་ཆེན་རིན་པོ་ཆེས། དུས་རབས་21པར་ཆོས་ལུགས་ཆེ་གྲས་ཁག་ཚང་མ་དུས་བསྟུན་མདུན་སྐྱོད་དང་དར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད། ང་ཚོའི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་འཛིན་ཐད་མི་སྣ་རེ་གཉིས་ཁོ་ནར་བརྟེན་པ་ཙམ་གྱིས་མི་འགྲིག་པར་དགེ་འདུན་པ་ཡོངས་ནས་མཉམ་དུ་ནུས་པ་འདོན་དགོས། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ཚང་མ་ནི་འབྱུང་ཁུངས་གཅིག་པ་ཡིན་པས་ཕན་ཚུན་སློབ་སྦྱོང་དང་སྐུལ་འདེད་བཏང་སྟེ་རྒྱལ་གཅེས་ཆོས་གཅེས་སྲ་བརྟན་དུ་གཏོང་བ་དང་། ཐུན་མོང་ཐོག་སྟོན་པའི་མཛད་འཕྲིན་ལེགས་པར་བསྐྱངས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་ཅེས་གསུངས་གནང་བ་རེད།
 

 

       འབྲི་གུང་མཐིལ་དགོན་པ་ནི་ལོ་ངོ་840ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་ཞིག་ཡིན་ཞིང་། སྲོལ་རྒྱུན་གྱི་གོམས་སྲོལ་ལམ་ཆོ་ག་ཅི་རིགས་ཧ་ཅང་ཆ་ཚང་བ་ཞིག་ཡོད་པ་རེད།
 

 

       འབྲི་གུང་མཐིལ་དགོན་པའི་ཡོངས་འཛིན་རྡོ་ཆུང་གིས། པཎ་ཆེན་རིན་པོ་ཆེ་ཕེབས་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་དགའ་ཚོར་ཆེན་པོ་བྱུང་། སླད་པཎ་ཆེན་རིན་པོ་ཆེ་མིག་དཔེར་བཟུང་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མ་སྐྱེས་ཆེན་རིམ་བྱོན་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་མུ་མཐུད་ནང་བསྟན་ལ་སློབ་སྦྱོང་དང་གང་དེ་དར་སྤེལ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག མིག་དམར་རྒྱ་མཚོ། 

སྒྲིག་སྒྱུར། རྡོ་ཐར།

中央广播电视总台 央广网 版权所有

པཎ་ཆེན་རིན་པོ་ཆེས་འབྲི་གུང་མཐིལ་དགོན་པར་ཆོས་ཕྱོཊ་མཛད་འཕྲིན......

སྤྱི་ཟླ་8ཚེས་24ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་