མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སྨན་པའི་དུས་ཆེན་ལ་ཁམས་འདྲིའི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས18ཉིན། “ཀྲུང་གོའི་སྨན་པའི་དུས་ཆེན”ཐེངས6པ་བསླེབ་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འགན་འཁུར་པ་མཚོ་སྔོན་ཞིང་ཆེན་མཐོ་སྒང་གསོ་རིག་ཚན་རིག་ཞིབ་འཇུག་སུའོ་རུ་སོང་ནས“བདུན་གཅིག་གཟེངས་རྟགས”ཐོབ་མཁན་ཝུའུ་ཐེན་དབྱི་ལ་གཟིགས་སྐྱོང་ཁམས་འདྲི་བྱས་ཤིང་། ཁོང་ཉིད“གསོ་རིག་མཁས་དབང་བཅུ”ཡི་གྲས་སུ་ཚུད་པར་རྟེན་འབྲེལ་ཞུས།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འགན་འཁུར་པས་ཡོན་ཧྲི་ཝུའུ་ཐེན་དབྱི་ཡིས་མཐོ་སྒང་ནད་འགོག་བཅོས་ཕྱོགས་ནས་མཛད་རྗེས་འབུར་ཐོན་བཞག་པར་གུས་འདུད་ཞུས་པ་དང་། ཁོང་གིས་ཡུན་རིང་ལ་མཚོ་སྔོན་ལ་རྐང་བཙུགས་ནས་རྒྱ་ཆེ་བའི་ལས་བཟོ་མང་ཚོགས་ལ་ཞབས་ཞུ་བསྒྲུབས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་སྐུ་ལུས་བདེ་ཐང་ལ་དོ་སྣང་བྱེད་པ་དང་། མཚོ་སྔོན་གྱི་བཟོ་ཚོགས་ལས་དོན་ལ་མུ་མཐུད་དུ་ཐུགས་ཁུར་རྒྱབ་སྐྱོར་གནང་བའི་རེ་བ་ཡོད་ཅེས་བཤད། ཝུའུ་ཐེན་དབྱི་ཡིས་མཚོ་སྔོན་བཟོ་ཚོགས་ཀྱི་ལས་དོན་ལ་བསྟོན་པ་མཛད་པར་མ་ཟད་གྲོས་གཞི་བཏོན། སྔར་སྲོལ་འགྱུར་མེད་སྒོས་མཚོ་སྔོན་བཟོ་ཚོགས་ལ་རྒྱབ་སྐྱོར་བྱེད་པ་དང་། རང་སྟེང་གི་དགེ་མཚན་འདོན་པ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ལས་བཟོ་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པའི་དགོངས་ཚུལ་བསྟན།

དེའི་རྗེས་སུ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འགན་འཁུར་པ་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་བདེ་སྲུང་གླིང་དུ་སྨན་པར་ཁམས་འདྲིར་ཕྱིན་པ་དང་། ཁོ་ཚོ་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བཟོ་ཚོགས་རྩ་འཛུགས་ཀྱི་དྲོད་ཁོལ་བསྐྱལ། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།