མཚོ་ནུབ་ཁྲལ་དོན་གྱིས་སྒྲིག་ཁྲིམས་སྤྱོད་སྟངས་འཛུགས་སྐྲུན་ལ་ཤུགས་བསྣན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལས་ཁུངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་གཉིས་མཉམ་དུ་འཛིན་པར་སྣེ་ཁྲིད་བྱས་ཏེ། སྤྱོད་སྟངས་དེ་ལས་གནས་སྟེང་དུ་དོན་འཁྱོལ་བྱེད་པ་དང་། བྱ་བའི་ཁྲོད་དུ་མངོན་པར་བྱེད་པ། སྒྲིག་ཁྲིམས་དང་ཁྲིམས་ལྟར་འགན་ནུས་ལག་བསྟར་དང་། སྲིད་གཙང་ཁྲལ་གཉེར། སྒྲིག་ཁྲིམས་སློབ་གསོའི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཁྲལ་དོན་ཅུའུ་ཡིས“སྒྲིག་ཁྲིམས་ནན་སྲུང་དང་། སྤྱོད་སྟངས་འཛུགས་སྐྲུན་ལ་ཤུགས་བསྣོན”པ་བརྗོད་དོན་དུ་བྱས་ཏེ། དུས་ཐོག་ཏུ་སྒྲིག་ཁྲིམས་སློབ་གསོའི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་ཐ་བཀོད་སྒྲིག་བྱས་ཏེ། ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་འདྲ་མིན་གྱི་བྱ་འགུལ་སྤེལ། 

མཚོ་ནུབ་ཁུལ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ལས་ཁུངས་ཏང་ཨུས“ཆབ་སྲིད་གཞུང་ལུགས་གཟའ་འཁོར་རེར་སློབ་པ་དང་། ཏང་གི་སྒྲིག་ཁྲིམས་ཟླ་རེར་བཤད་པ། ཆེད་དོན་ཏང་གི་སློབ་ཁྲིད་དུས་ཚིགས་རེར་སློབ་ཁྲིད་རེའི”“གསུམ་ཅན་གཅིག”གི་སློབ་སྦྱོང་སློབ་གསོའི་སྒྲིག་སྲོལ་དོན་འཁྱོལ་བྱས་ནས། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་ལྟ་བ་དང་སྲིད་གཙང་འདུ་ཤེས་སྲ་བརྟན་དུ་བཏང་། ལས་ཁུངས་སོ་སོའི་ཏང་ཀྲི་པུའུ་ཡིས་“ཚོགས་གསུམ་ཁྲིད་གཅིག”དང་བརྗོད་དོན་ཏང་གི་ཉིན་མོ་སོགས་ཀྱི་བྱ་འགུལ་ཁྲོད། ཏང་གི་སྒྲིག་ཁྲིམས་གཅིག་བསྡུས་སློབ་སྦྱོང་རྩ་འཛུགས་བྱས་ནས། ཏན་ཏིག་གིས“སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་གྱི་འགན་ནུས་ལག་བསྟར་དུས་ཚོད”དང་། ཏང་ཀྲི་པུའུ་ཏང་ཡོན་གྱིས་རང་སྟེང་གི་བྱ་བ་དང་ཟུང་འབྲེལ་སྒོས་སེམས་ཀྱི་མྱོང་ཚོར་དང་རང་འགུལ་ངང་རུལ་སུངས་ལ་འགོག་རྒོལ་བྱེད་པའི་བསམ་བློའི་འགོག་སྲུང་དྲ་བ་སྲ་བརྟན་དུ་བཏང་། 

ཅུའུ་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་སྟོབས་ལྡན་སློབ་སྦྱོང་དང་། “སློབ་སྦྱོང་ཁྲལ་དར”སོགས་སྟེགས་བུའི་སློབ་སྦྱོང་ཐོན་ཁུངས་ལ་བརྟེན་ནས། ཁྲལ་དོན་ལས་ཁུངས་པ་ཡོངས་རྩ་འཛུགས་བྱས་ཏེ་མི་སྒེར་གྱི་སློབ་སྦྱོང་དང་། དཔེ་ལེགས་མི་སྣའི་སྔོན་ཐོན་མཛད་རྗེས་ལ་སློབ་སྦྱོང་བྱས་ནས། སྒྲིག་ཁྲིམས་ཤེས་བྱའི་ཚད་ལེན་རྩ་འཛུགས་བྱས་ཏེ། ཏང་སྲོལ་སྒྲིག་ཁྲིམས་ཀྱི་གོ་བ་ལེན་ཚད་ཆེ་རུ་བཏང་ནས། རྒྱུགས་ལེན་གྱིས་སློབ་སྦྱོང་ལ་སྐུལ་འདེད་དང་། སློབ་སྦྱོང་གིས་སྲིད་གཙང་ལ་སྐུལ་འདེད་བཏང་། 

རྗེས་མར། མཚོ་ནུབ་ཁུལ་ཁྲལ་དོན་ཅུའུ་ཡི་ཏང་ཨུས་མུ་མཐུད་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྲིད་གཙང་གི་ཆབ་སྲིད་སྐྱེ་ཁམས་གསར་སྐྲུན་དང་། ཏང་གི་སྤྱོད་སྟངས་མུ་མཐུད་ནས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཁྲལ་དོན་ལས་བྱེད་པ་ཡོངས་ཀྱི་སྒྲིག་ཁྲིམས་སྲུང་བར་སྣེ་ཁྲིད་དང་། རང་འགུལ་ངང་འགན་འཁྲི་དང་ལེན་དང་། ཀུན་སྤྱོད་སོགས་ཀྱི་ཐད་ནས་རྣམ་པ་གསར་བ་མངོན་ཏེ། མཚོ་ནུབ་ཁྲལ་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་རྒྱུ་རེད། །  

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།