འཚོལ་བཤེར།   
藏文频道
2023ལོའི་ཟླ་8ཚེས་2ཉིན།

༄༅།།བོད་ཀྱི་སྤྲུལ་སྐུ་ངོས་འཛིན་ཐད་རྒྱུས་ལོན་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་02ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ཀྲུང་གོར་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཁང་གི་ཚན་ཙན་མཁྱེན་ལྡན་མ་ལུའོ་པིན་ན·ཁོ་རུའུ་ན(Rubbina ·Karruna)དང་བཅས་མི་3ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་ཡོང་ནས། “བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་གྱི་ཆེད་དོན་འགྲེམས་སྟོན”ལ་ལྟ་ཞིབ་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་གྱི་ལོ་རྒྱུས་འཕེལ་རིམ་དང་དོན་དངོས་གནས་ཚུལ་རྒྱུས་ལོན་བྱས། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལི་ཏེ་ཁྲེང་གིས་ཁོ་ཚོ་དང་མཉམ་དུ་ལྟ་ཞིབ་བྱས་པ་རེད། 
     འགྲེམས་སྟོན་བྱ་ཡུལ་དུ། འགྲེལ་བཤད་པས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་ཟུང་འབྲེལ་གྱིས་ཡང་སྲིད་བཙལ་འཚོལ་ངོས་འཛིན་བྱེད་པའི་ཆོས་ལུགས་ཀྱི་ཆོ་ག་དང་། ལོ་རྒྱུས་ཀྱི་གཏན་སྲོལ་སོགས་ནང་དོན་ལ་དམིགས་ནས་སྐུ་མགྲོན་ཚོར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས། ཁོང་ཚོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་གྱི་ལོ་རྒྱུས་ངོ་མ་ཤེས་རྟོགས་ཐུབ་པ་དང་། ཏཱ་ལའི་དང་པཎ་ཆེན་སོགས་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ཐད་ཀྲུང་དབྱང་ལ་རྩོད་ཐབས་བྲལ་བའི་མཐའ་མའི་ཐག་གཅོད་བྱེད་དབང་ཡོད་པ་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱས་པ་རེད། 
     ལྟ་ཞིབ་མཇུག་བསྒྲིལ་རྗེས། མཁྱེན་ལྡན་མ་ཁོ་རུའུ་ན་དང་བཅས་པས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་བཞུགས་མོལ་གནང་བ་རེད།