ཁྲིམས་གཞི་འདི་མེད་པར་བཟོ་དགོས་པའི་སྐུལ་མ་བཏང་།

人民网藏文版 2023-07-20 14:00 Posted on 北京

   ས་གནས་དེ་གའི་དུས་ཚོད་ཚེས་18ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་མི་སྣ་ཝོའར་ཁེ་·ཐུའུ་ཨར་ཁེ་དང་མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་མི་སྣ་ཧྥེ་ལི་ཕུའུ་·ཀེ་ལན་ཏི་ཡིས། དབྱིན་ཇིའི་གྲོས་ཚོགས་ཐོག་ད་ལྟ་གྲོས་འཆམ་བྱུང་བའི་《ཁྲིམས་འགལ་གྱི་གནས་སྤོ་ཡུལ་མིའི་ཁྲིམས་གཞི་》(Illegal Migration Bill)དེ་དབྱིན་ཇིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཡུལ་གྱར་བའི་བཅའ་ཁྲིམས་གཞིར་བཟུང་འོས་འགན་འཁུར་བྱ་དང་མི་མཐུན་པས། རྒྱལ་སྤྱིའི་ཐོག་སྲུང་སྐྱོབ་དགོས་མིར་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུ་རེད་ཅེས་ཐ་ཚིག་བསྒྲགས།

   ཧྥེ་ལི་ཕུའུ་·ཀེ་ལན་ཏི་ཡིས། ཁྲིམས་འཛུགས་གསར་པ་དེས་སྐྱབས་བཅོལ་བ་མང་པོ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱི་གཞི་སྒྲོམ་ཧ་ཅང་ཉམས་ཞན་དུ་བཏང་བ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་བའི་ཉེན་ཁ་ཚབས་ཆེན་འཕྲད་ཡོད་ཅེས་བཤད།

   ཝོའར་ཁེ་·ཐུའུ་ཨར་ཁེ་ཡིས་དབྱིན་ཇིའི་སྲིད་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་འབྲེལ་ཡོད་ཁས་ལེན་བསྐྱར་བསྒྲགས་བྱས་ནས། ཁྲིམས་འཛུགས་དེ་མེད་པར་བཟོས་ཏེ་གནས་སྤོའི་ཡུལ་མི་དང་། ཡུལ་གྱར་བ། སྐྱབས་བཅོལ་བ་བཅས་པ་ཚང་མའི་ཁེ་དབང་ལ་མཐོང་ཆུང་མེད་པའི་སྒོ་ནས་བརྩི་འཇོག་དང་། སྲུང་སྐྱོབ། མངོན་འགྱུར་བཅས་བྱ་རྒྱུའི་ཁག་ཐེག་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད། 



གསར་འགྱུར་འོས་སྦྱོར།
སྣུམ་གོང་འཕར་འདུག
གསལ་བསྒྲགས་འདི་སྤེལ་འདུག
སྟག་རྒན་འདིར་བརྟག་དཔྱད་བྱས་འདུག
རི་སྐྱེས་ཤ་མོ་བྲིན་ཚོང་བྱེད་བཞིན་འདུག
ཟླ་བའི་གོ་ལར་བསྐྱོད་པའི་ཇུས་གཞི་བསྒྲཊ།