འབྲོག་དམངས་ཀྱི་དགའ་འབོད་ཁྲོད་ནས་མཚོ་བསྐོར་ལྕགས་རྟ་འགྲན་བསྡུར་རྒྱལ་ཁའི་ངང་མཇུག་སྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས16ཉིན། 2023ལོའི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་རྟགས་མའི་སྐབས་ཉེར་གཉིས་པའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱིས་ཆེས་མཐའ་མའི་འགྲན་བསྡུར་སྤེལ་བ་དང་། འགྲན་ཞུགས་པ109ཡིས་གུང་ཧོ་ནས་ཚྭ་ཁ་བར་གྱི་འགྲན་མཚམས་ཀྱི་ལམ་ཐག་སྤྱི་ལེ200ཡི་འགྲན་བསྡུར་བྱས་ཤིང་། འགྲན་བསྡུར་ཁྲོད་གྱེན་འཛེག་ས་ཚིགས་གཅིག་དང་གདོང་མཆོང་ས་ཚིགས་གསུམ་བཀོད་སྒྲིག་བྱས་ཡོད།

1.png

གདོང་མཆོང་བྱེད་པའི་འགྲན་ཞུགས་པ།

དུས་ཡུན་ཉིན8རིང་གི་ཛ་དྲག་གི་འགྲན་བསྡུར་བརྒྱུད། མཇུག་མཐར། དབྱི་ཐ་ལིའི་པ་ཏི་ཡ་ཉི་རུ་ཁག་གི་འགྲན་ཞུགས་ཨང་རྟགས81པ་མུའུ་ལུའུ་པུའུ་ལན(MULUEBRHAN Henok)གྱིས་སྤྱིའི་གྲུབ་འབྲས་ཀྱི་དགའ་རྟགས་ཏེ་ཚི་ལེན་སེར་པོའི་བྱ་དགའ་བླངས། དུས་མཚུངས་སུ། ཁོས་གདོང་མཆོང་སྐར་གསོག་ཨང་རིམ་སྟེང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་གདོང་མཆོང་བྱ་དགའ་སྟེ་ཚི་ལེན་ལྗང་ཁུའི་བྱ་དགའ་བླངས། དབྱི་ཐ་ལིའི་པ་ཏི་ཡ་ཉི་རུ་ཁག་གི་འགྲན་ཞུགས་ཨང་རྟགས84པ་ཉི་ཨའེ་ལི(Nieri Alessio)ཡིས་གྱེན་འཛེག་བྱ་དགའི་ཚི་ལེན་ཁྲ་ཐིག་ཅན་གྱི་བྱ་དགའ་བླངས། མཚོ་སྔོན་ཐེན་ཡིའུ་ཏི་རུ་ཁག་གི་འགྲན་ཞུགས་ཨང་རྟགས215པ་སའེ་དབྱི་ཏི(SAFARZADEH SAEID MOHAMMAD)ཡིས་ཡ་གླིང་གི་ཕུལ་བྱུང་འགྲན་ཞུགས་པའི་བྱ་དགའ་སྟེ་ཚི་ལེན་སྔོན་པོའི་བྱ་དགའ་བླངས།

2.png

མུའུ་ལུའུ་པུའུ་ལན་གྱིས་སྤྱིའི་གྲུབ་འབྲས་ཀྱི་དགའ་རྟགས་ཏེ་ཚི་ལེན་སེར་པོའི་བྱ་དགའ་བླངས།

3.png

མུའུ་ལུའུ་པུའུ་ལན་གྱིས་གདོང་མཆོང་བྱ་དགའ་སྟེ་ཚི་ལེན་ལྗང་ཁུའི་བྱ་དགའ་བླངས། 

4.png

ཉི་ཨའེ་ལི་ཡིས་གྱེན་འཛེག་བྱ་དགའི་ཚི་ལེན་ཁྲ་ཐིག་ཅན་གྱི་བྱ་དགའ་བླངས།

5.png

སའེ་དབྱི་ཏི་ཡིས་ཡ་གླིང་གི་ཕུལ་བྱུང་འགྲན་ཞུགས་པའི་བྱ་དགའ་སྟེ་ཚི་ལེན་སྔོན་པོའི་བྱ་དགའ་བླངས།

མཇུག་མཐའི་འགྲན་བསྡུར་ཁྲོད། པི་ལི་ཧྲིའི་ཐ་ཐེ་ལེ་ཐུའོ-ཨའེ་སུའོ་ལུའེ་སི་རུ་ཁག་གི་འགྲན་ཞུགས་པ་ཨང172པ་ཏུའུ་པང·ཏི་མོ་ཏིར(DUPONT Timothy)འགྲན་མཚམས་འདིའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཁོ་ལོམ་པི་ཡའི་མའེ་ཏེ་ལིན་རུ་ཁག་གི་འགྲན་ཞུགས་པ་ཨང197པ་ཨའོ་ཁན་པོ·ཅི་ལ་ཏུའོ་ཝུའེ་ཁེ་ཏུའོ·ཡ་ལི་ཧང་ཏེ་ལུའོ(OCAMPO GIRALDO Victor Alejandro)ལ་བྱ་དགའ་ཨང་གཉིས་པ་ཐོབ་ལ། ནེའུ་ཙི་ལན་གྱི་ཧེ་ཧྥུའི་ཐའོ་རུ་ཁག་གི་འགྲན་ཞུགས་པ་ཨང44པ་མ་ཆི་ཝུའེ·ལུའུ་ཁེ(MUDGWAY Luke)ལ་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།

6.png

འགྲན་མཚམས་སྐབས་འགྲན་ཞུགས་པ་གསུམ་གྱི་མཉམ་པར།

ཐེངས་འདིའི་མཚོ་བསྐོར་འགྲན་བསྡུར་གྱིས་ཚྭ་ཁའི་མཁའ་དབྱིངས་དང་པོ་མཛེས་ལྗོངས་ཁུལ་དུ་མཇུག་སྒྲིལ་བ་དང་། འགྲན་མཚམས་ལམ་རྒྱུད་དུ་བོད་རིགས་དང་སོག་རིགས་ཀྱི་འབྲོག་དམངས་རྣམས་ཀྱིས་རྟར་ཞོན་ནས་འགྲན་ཞུགས་པར་ཤུགས་བརྒྱབ་པ་དང་། མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཡོངས་སུ་ཕྱུག་ཡོད།

7.png

འབྲོག་དམངས་རྣམས་ལ་རྟར་ཞོན་པ།

8.png

བྱ་དགའ་སྟེར་བའི་མཛད་སྒོའི་སྟེང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་བྱེད་བཞིན་པ།

2012ལོར་ཚྭ་ཁ་དེ་མཚོ་བསྐོར་འགྲན་བསྡུར་གྱི་འགྲན་མཚམས་གྲོང་ཁྱེར་ཁྲོད་ཚུད་ཡོད་ལ། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ105ཡོད་པའི་ཚྭ་ཁ་ཚྭ་མཚོ་ནི་ཚྭ་འདམ་གཞོང་སའི་མིང་དུ་གྲགས་པའི་རང་བྱུང་གི་ཚྭ་མཚོ་ཞིག་ཡིན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།