སྐྱོ་བ་མ་ཡིན་པའི་མིག་ཆུ། འཛིན་བདག་བསམ་འཕེལ་རྡོ་རྗེ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2023 ལོའི་ཟླ 7 ཚེས 14 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »སྐྱོ་བ་མ་ཡིན་པའི་མིག་ཆུ། འཛིན་བདག་བསམ་འཕེལ་རྡོ་རྗེ།
སྐྱོ་བ་མ་ཡིན་པའི་མིག་ཆུ། འཛིན་བདག་བསམ་འཕེལ་རྡོ་རྗེ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-07-11ལྟ་ཀློག (505)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སྐྱོ་བ་མ་ཡིན་པའི་མིག་ཆུ།

དཔའ་ལུང་བསམ་འཕེལ་རྡོ་རྗེ།
སློབ་གྲོགས་རྣམ་པ་ཁམས་བཟང་། 

               ད་ནི་ཁྱེད་ཅག་གིས་སློབ་གྲྭ་འདི་ནས་ལོ་ངོ་དུ་མར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་རང་ལ་འཐོབ་དགོས་པ་མང་བོ་ཞིག་ཐོབ་སྟེ། རྒྱལ་ཁ་དང་གཟི་བརྗིད་ངང་མཐར་ཕྱིན་ནས་སློབ་གྲྭ་དང་ཁ་གྱེས་པའི་ཉིན་མོ་ཡིན་པས་ངས་ཁྱེད་ཅག་ལ་ཐོག་མར་རྟེན་འབྲེལ་ཞུས་པ་ཡིན།

ཁྱེད་ཅག་འདི་ལྟར་མ་ཡུམ་སློབ་གྲྭ་དང་ཁ་བྲལ་ཏེ་འགྲོ་ལ་ཉེ་བའི་སྐབས་འདིར། ངས་ཁྱེད་ཚོར་གང་ནས་འགོ་བརྩམས་ཏེ་ཅི་ཞིག་བཤད་དགོས་པའང་མི་ཤེས་མོད།  ཕྱིར་འདང་རེ་བརྒྱབ་ན་ལོ་ངོ་འདི་དག་གི་རིང་ལ་དགེ་རྒན་རྣམ་པས་ཁྱེད་ཅག་ལ་མ་བཤད་པ་ཅི་ཡང་མི་འདུག་སྙམ།  ངས་ཀྱང་ཤེས་ཚོད་འཇོན་ཚོད་ཀྱིས་བཤད་བསམ་པ་དང་བཤད་ཤེས་པ་ཐམས་ཅད་སྦ་གསང་མེད་པར་བཤད་ཡོད། གནའ་མིའི་ཁ་དཔེར་ཡང་། ཕ་མ་བཟང་བོའི་བུ་ཕྲུག་དང་། དགེ་རྒན་བཟང་བོའི་སློབ་མ་ཟེར་བ་བཞིན། ཁྱེད་ཅག་ནི་དུས་ནམ་ཡིན་ཡང་། གནས་གང་དུ་སོང་རུང་། མི་སུ་དང་འཕྲད་ཀྱང་། ཁྱེད་ཅག་ལ་ངོམ་ཆོག་ཆོག་གི་གཤིས་ཀ་ཡག་པོ་ཞིག་དང་། བཤད་ཆོག་ཆོག་གི་སྨྲ་ལྕེ་དག་མོ་ཞིག བཅོལ་ཆོག་ཆོག་གི་ལྷག་བསམ་གཙང་མ་ཞིག  མདོར་ན། ཁྱེད་ཅག་ནི་གཞན་དང་མི་འདྲ་བའི་སྤྱོད་ཡོན་གཉིས་ལྡན་གྱི་བོད་ཕྲུག་དག་མ་རྐྱང་རྐྱང་ཡིན་པས་མི་རིགས་འདི་ལ་ཁྱེད་ཅག་ལྟ་བུའི་རྗེས་འཛིན་པ་མཁོ་བ་ཤ་སྟག་ཡིན།

   མིག་རྡེབ་དབང་ཙམ་གྱིས་མི་ལོ་དུ་མ་ཞིག་འདི་ལྟར་བཞུར་སོང་བས། འདས་པའི་ལོ་ཟླ་དེ་དག་གི་ནང་དུ་སྐྱིད་སྡུག་ཡོད་ཚད་མཉམ་རོལ་བྱས་པའི་ཁྲོད་དུ། རང་ཉིད་ལ་རིག་གནས་ཀྱི་ཆུ་ཚད་ཞན་པ་དང་། བསམ་བློའི་གོ་རྟོགས་དམའ་བ། དཔེ་ཁྲིད་ཀྱི་ཉམས་མྱོང་གིས་མ་འདང་བ་སོགས་ཀྱི་དབང་གིས་ཁྱེད་ཅག་གི་རྣ་བར་མི་སྙན་པའི་སྐད་ཆ་དང་མིག་ལ་མི་འགྲོ་བའི་རྣམ་འགྱུར་སོགས་གོ་ལོག་བྱུང་ཡོད་ཚེ་ངས་ཁྱེད་ཅག་ལ་དགོངས་དག་ཞུས་པ་ཡིན།  མདོར་ན། ལོ་ངོ་འདི་དག་གི་རིང་ལ་ངས་རང་ནུས་ཅི་ལྕོགས་ཀྱིས་ཁྱེད་ཅག་གཙོ་བོར་སེམས་ལ་བཟུང་ནས།  སྒྲིག་ལམ་དང་ཀུན་སྤྱོད། བསམ་བློ་དང་གཤིས་ཀ་སོགས་གང་ཅིའི་ཐད་ལ་ཉིན་མཚན་དུས་དྲུག་ཏུ་སེམས་ཁུར་ཡང་མི་ཉུང་བ་ཞིག་བྱས་མྱོང་། རྒྱུ་མཚན་ནི། སྔོན་གྱི་སྨོན་ལམ་བཟང་བོས་ང་ནི་ཁྱེད་ཅག་གི་འཛིན་བདག་དགེ་རྒན་དང་།   སློབ་གྲྭའི་ནང་དུ་ཕ་མའི་ཚབ་བྱེད་མཁན་དེ་ཡིན་པས་སོ། །

   སྤྱིར་དགེ་རྒན་གྱི་འགན་ཁུར་འདི་ལས་སླ་མོ་ཞིག་གཏན་ནས་མིན་ལ་ནང་དགོས་སུ་འཛིན་བདག་དགེ་རྒན་གྱི་འགན་ཁུར་དེ་བས་ཀྱང་ལས་སླ་མོ་ཞིག་ག་ལ་ཡིན།  འཛིན་བདག་དགེ་རྒན་ཞིག་ལ་མཚོན་ན། སློབ་ཁྲིད་ཀྱི་སྐབས་སུ་ཁྱོད་ཚོའི་སློབ་སྦྱོང་གི་གྲུབ་འབྲས་བཟང་མིན་གྱི་སེམས་ཁྲལ་ཡོད་ལ། ལུས་རྩལ་གྱི་སྐབས་སུ་ན་ཚ་རེ་བཟོས་ཡོང་མིན་གྱི་སེམས་ཁྲལ་ཡོད། ད་དུང་གཟའ་མཇུག་སྤྱི་སྡོམ་གྱི་སྐབས་སུ་སྒྲིག་འགལ་བ་ཡོད་མེད་ཀྱི་སེམས་ཁྲལ་སོགས། མདོར་ན་སེམས་ཁྲལ་གྱི་རིགས་འདི་དག་དང་འགྲོགས་ཏེ་ལོ་ངོ་དུ་མ་ཞིག་རིམ་གྱིས་རྫོགས་ནས་ད་ནི་ཁྱེད་ཅག་ལ་མཐར་ཕྱིན་སློབ་མའི་མཚན་སྙན་ཐོབ་ཅིང་།  ངེས་པ་དོན་གྱིས་ཀྱང་ཚད་ལྡན་གྱི་མཐར་ཕྱིན་སློབ་མའི་མཚན་སྙན་ལོན་སོང་བ་རེད།

   ཁྱེད་ཅག་མ་ཡུམ་སློབ་གྲྭ་དང་ཁ་གྱེས་ཀྱང་ད་དུང་ངའི་མིག་ལམ་དུ་འཆར་བ་ནི་དྲ་འཕེན་ཐང་དུ་ཁྱེད་ཅག་རྩལ་དྲུག་གིས་ཡར་མཆོང་མར་མཆོང་བྱེད་བཞིན་པའི་རྣམ་པ་དང་། རྐང་རྩེད་ཐང་དུ་རྒྱལ་ཁའི་ཀི་སྒྲ་སྒྲོག་པའི་རྣམ་པ།   རྒྱ་སྐད་དང་དབྱིན་སྐད་ཀྱི་ངག་རྩལ་འགྲན་སྡུར་ལ་ཐོན་དུས། ཁྱེད་ཅག་གི་ཀུ་རེ་ལྟ་བུའི་མཚར་གཏམ་གད་མོའི་ལེ་ཚན་ཡང་ཡིད་ནས་བརྗེད་ག་ལ་ཐུབ།  སློབ་ཁང་སོ་སོའི་ནང་ནས་ཐ་སྙད་ཀྱི་དབྱངས་རྟ་རེ་རེ་གོ་དུས་སྒྲིག་འཛིན་པའི་ཉམས་དང་ལྡན་པའི་ཐ་སྙད་རྩོམ་སྒྲིག་ཚང་དང་། མཐར་ཕྱིན་དཔྱད་རྩོམ་དང་། བསྟོད་རྩོམ། བརྙན་དེབ་སོགས་ཀྱི་རྩོམ་སྒྲིག་དང་ཇུས་འགོད་ལ་སེམས་ཁྲལ་བྱེད་པའི་འཛིན་གྲྭའི་རྩོམ་སྒྲིག་པ་སོགས་ཀྱི་གཞུང་ལས་ཁང་གི་གཡས་གཡོན་དུ་ཟླ་འགའ་འགོར་ཡང་སྟབས་ཐུག་གི་དྲི་མ་སྔར་བཞིན་ཚོར་ཐུབ་ངེས།   ད་དུང་འཛུམ་མདངས་ཀྱི་རྣམ་པ་འགྱུར་མ་མྱོང་བའི་སློབ་བུ་རེ་འགའ་དང་ཁོང་ཁྲོའི་རྣམ་པ་ཡལ་མ་མྱོང་བའི་སློབ་བུ་རེ་འགའི་ཁྱད་ཆོས་དེ་ཡང་བརྗེད་ག་ལ་ཐུབ། ཕ་མ་ལྟ་བུའི་འཛིན་དཔོན་དག་གིས་གཟའ་ཉི་མའི་སྔ་དྲོའི་སྐྱ་རེངས་མ་ཤར་གོང་དུ་ངའི་སྒོ་འགྲམ་ནས་སློབ་བུ་དག་གི་ཁ་པར་ལེན་བཞིན་པའི་རྣམ་པའང་བརྗེད་ཐབས་བྲལ།  གཟའ་འཁོར་རེ་རེའི་དམ་བཅའ་ཆེན་མོའི་སྐབས་རང་འཛིན་གྲྭའི་སློབ་བུ་ཚོའི་རྣམ་དཔྱོད་ཀྱི་རིགས་པ་དང་མིག་དབང་འཕྲོག་པའི་ཉམས་འགྱུར་སོགས་ང་ཙམ་མ་ཟད། དགེ་སློབ་ཡོངས་ཀྱི་རྣ་ལམ་དང་མིག་ལམ་ནས་ཡལ་ཐབས་བྲལ།  མདོར་ན། སློབ་བུ་ཁྱེད་ཅག་གིས་སློབ་སྦྱོང་བྱེད་པའི་རྣམ་པ་དང་པྲ་ཚག་གི་རྣམ་པ་སོགས་མི་ལོ་དྲུག་གི་གཏམ་རྒྱུད་རིང་མོ་དེ་བརྗེད་ག་ལ་ཐུབ། མཐར་ཁྱེད་ཅག་ས་ཕྱོགས་གང་དུ་བསྡད་ཀྱང་རང་ཚུགས་མི་འབོར་ཞིང་། གཞན་སེམས་མི་དཀྲུག་པར་རྟག་ཏུ་གཞན་དོན་ལ་བསམ་བློ་གཏོང་ཐུབ་པའི་མི་བཟང་བོ་རེ་རེར་འགྱུར་བར་སྨོན།

མཐར་ཁྱེད་ཅག་གི་བསམ་དོན་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་དང་། མ་ཡུམ་སློབ་གླིང་གི་མཚན་སྙན་ཕྱོགས་བཅུར་ཁྱབ་པའི་བཀྲ་ཤིས་སྨོན་འདུན་ཞུ།  

ཞེས་འཛིན་བདག་དགེ་རྒན་དཔའ་ལུང་བསམ་འཕེལ་རྡོ་རྗེས་རང་གི་སློབ་བུ་ཚོ་མཐར་ཕྱིན་ཁར་གྱེས་ཁའི་སེམས་གཏམ་ཞིག་གི་ཚུལ་དུ་བྲིས་པའོ། །

        

The most valuable departure 


Dear students!
           First and foremost I would like to say thousands and thousand of congratulations! 
    You have been here in this school for six years and today, you have got the name “ Graduated Student “  As you know, this is the result of your hard work and diligence. 
 I am writing these words to say something that I felt in these days. There is a word which I don’t want to hear and see anymore in these days , but I have to accept that word. That is the word “ DEPARTURE “what a frightening word. It’s like the darkness, makes me blind. It’s like the cold weather, makes me cold. It’s like the battle, makes me dangerous.It’s like the disease, makes me sick. But I have no choice. Now, it’s the time to leave the school and embark on a new journey. It’s our fate to get together here for six years and it’s also our fate to leave one another. It’s nature, but don’t forget your friends’ love  and teachers’ kindness, don’t forget your mother school and mother language which are existing on this high land of Tibet. Don’t forget the questions like who are you? and where are you going? 
You are about to set off and fly to every corners of the world.  Because, time flies so fast like an arrow. In the blink of an eye, our school life will come to a successful end. When we are about to leave, we think about spending six years here happily, playing together, studying together, eating together, working together, sleeping together, laughing together, crying together and had experienced ups and downs together. But, our togetherness comes to an end without any choice.I wanted to thank everyone of you for supporting me, learning and enjoyable experiences for me. I will cherish our time together and all the achievements we had together as a team. It was my pleasure to stay with you guys within these years. I have learned a lot of different things from everyone one of you. I have got some memories I will take them with me to my next destination. I want to thank all of you from bottom of my heart to have made this such an enriching experience for me. 
     In class, the school is full of knowledge and after class, the school is full of laughter. In every parts ,the school is full of experiences.In a nut shell, we are very grateful to the school for providing us marvelous learning opportunities. 
      My last class teaching is one of the most challenging class which I have ever had within these six years. I really felt something special When I stepped into the classroom my heart was mixed with different emotions and my mind was mixed with different thoughts . 
I’m encouraged by my own experiences and returned to my beloved dormitory . Otherwise, I can’t control myself as before . However. It’s the time to say take care and see you later , but still I can’t use the word goodbye to you . Take care wherever you go and whatever you do. You are the owners of yourselves .
Wishing you all great happiness and success in your future.
    By: Samphel Dorjee


◦ 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb4h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
20583106
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།