དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས།

    ཚན་པ་2དང་མི་སྒེར་2ལ་བྱས་རྗེས་ཐོ་འགོད་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-14

    ཉིན་ཤས་གོང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ་ཚན་པ་2དང་མི་སྒེར་2ལ་བྱས་རྗེས་ཐོ་འགོད་གནང་བ་རེད།

    ཀྲུང་དབྱང་དམག་ཨུད་ཀྱི་གོ་མཚོན་འཕེལ་རྒྱས་པུའི་ཁང་ཞིག་དང་92730དཔུང་སྡེའི་70ཡན་ལག་རུ་ཁག་ཁག་སོ་སོར་བྱས་རྗེས་རིམ་པ་དང་པོ་ཐོ་འགོད་གནང་བ་རེད།

    སྐམ་དམག་བཟོ་སྐྲུན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲང་ཞུང་ཝུའེ་དང་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གསོ་རིག་ལྟེ་གནས་དང་པོའི་དབང་རྩའི་ཕྱི་བཅོས་གསོ་རིག་པུའི་ཀྲུའུ་རེན་དང་། ཀྲུའུ་རེན་སྨན་པ་དཀའ་བཅུ་པ། དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ཀྲང་ཅན་ཉིང་ལ་རྒྱལ་སྲུང་ཚན་རྩལ་གྱི་བྱས་རྗེས་རིམ་པ་གསུམ་པ་སོ་སོར་ཐོ་འགོད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།