དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྲེང་ཀོན་ཆུས་ཀྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ཀྱིས།

    མང་ཚོགས་ལ་ཁྱིམ་གྱི་སྒོ་རྩར་སྟབས་བདེའི་ཞབས་འདེགས་ཞུས་ནས་བདེ་སྣང་ཆེ་རུ་བཏང་བ།

  • ཡོང་ཁུངས།  རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས“དྲ་ཐོག”གི་བརྗོད་དོན་གཙོ་བོའི་སློབ་གསོ་བྱ་ཡུལ་བཏོད་པ།   |     སྤེལ་དུས།  2023-07-12

    ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ནི་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཁ་གསབ་དང་སྣུར་སྲིང་བྱས་པ་ཞིག་ཡིན་པའི་ངོས་ནས་དེ་ནི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། དམངས་ཕན་ཞབས་འདེགས་ཞུ་བ། རྣམ་གྲངས་ཆ་ཚང་བའི་སྡེ་ཁུལ་ལས་དོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་འཚོལ་ཞིབ་དང་ལག་ལེན་ཞིག་རེད། 2022ལོ་ནས་བཟུང་ཁྲེང་ཀོན་ཆུས་ཀྱིས་གཞན་གྱི་སྔོན་ལ་ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་འཛུགས་སྐྱོང་བྱས་ནས། ཏང་རྩ་འཛུགས་འཛུགས་སྐྱོང་དེ་གཞི་རིམ་བཅོས་སྐྱོང་དང་ཞབས་ཞུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ནས་མང་ཚོགས་ལ་ཞབས་འདེགས་དངོས་ཞུས་ཡོད། མིག་སྔར་ཁྲེང་ཀོན་ཆུས་སུ་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་19ཡོད་པ་དེ་དག་གིས་མང་ཚོགས་ཀྱི་དགོས་མཁོ་མི་འདྲ་བ་སྐོང་གང་ཐུབ་བྱས་ཡོད་ལ་ཁྲེང་ཀོན་ཆུས་ཀྱི་གྲོང་ཚོ(གྲོང་ལྷན)ཁག་གིས་རྒྱ་ཆེའི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྐར་ཁུང་གསར་རྐྱང་ཞིག་ཏུའང་གྱུར་ནས་མང་ཚོགས་རྣམས་ཁྱིམ་གྱི་སྒོ་རྩར་སྟབས་བདེའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།

    2022ལོའི་ཟླ་བདུན་པར། རིགས་ཆེ་གྲས་ལྔའི་དམངས་ཕན་ཞབས་ཞུ་རྣམ་གྲངས་ཆུང་གྲས་20མཁོ་འདོན་བྱས་པའི་ཁྲེང་ཀོན་ཆུས་ཀྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ཏེ། ཀུན་བདེ་གླིང་ཁྲོམ་གཞུང་ཞོལ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ཀྱི་སྒོ་བྱང་བཀལ་ནས་སྤྱོད་འགོ་ཚུགས་པ་རེད།

    ཞོལ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལེ་པའེ་ལུང་ཐང་ཆེན་དུ་གནས་ཤིང་། དེ་ག་ནི་གྲོང་ཁྱེར་གྱི་མི་ཚོགས་མང་བའི་ཚོང་ལས་ཁུལ་ཞིག་ཡིན། Vས་ཚིགས་སུ་བློ་འདྲི་ཞབས་ཞུའི་སྟེགས་བུ་དང་། སྲིད་ཇུས་སྒྲོག་འགྲེལ་སྟེགས་བུ། ཏང་འཛུགས་སྐྱོང་གི་དེབ་ཁང་། ངལ་གསོ་ཁང་། མ་བུ་ཁང་སོགས་བྱེད་ནུས་ཁུལ་བཙུགས་ནས་ཏང་ཡོན་འབྱོར་ཐོ་འགོད་པ་དང་། སྲིད་ཇུས་སྒྲོག་འགྲེལ་བྱེད་པ། བྱེད་སྒོ་སྤེལ་བ། སྤྲོ་གསེང་དཔེ་ཀློག བདེ་ཐང་སྲུང་སྐྱོང་། ཕྲུ་གུ་ལྟ་སྐྱོང་། ཡིག་རིགས་པར་སློག རིག་ནུས་དྲ་སྦྲེལ་གྱི་བདེ་ཐང་བརྟག་དཔྱད་གཞི་གཅིག་འཕྲུལ་ཆས། མཉམ་སྤྱོད་གློག་གསོག་སྒྲིག་ཆས། ཆར་གདུགས། འཐུང་ཆུ་སོགས་རིན་མི་དགོས་པར་མཁོ་འདོན་བྱེད་ཀྱི་ཡོད་ཅིང་། ཁྱོན་བསྡོམས་རིགས་ཆེ་གྲས་ལྔའི་དམངས་ཕན་ཞབས་ཞུ་རྣམ་གྲངས་ཆུང་གྲས་ཁག་20ཡོད་པ་རེད།

    ཀླུ་སྒུག་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་ཅང་སུའུ་ལམ་ཡན་ལག་སློབ་གྲྭའི་ཉེ་འགྲམ་དུ་ཡོད། གསར་འགོད་པས་མཐོང་བ་ལྟར་ན། སྨི་ངོས་གྲུ་100ལྷག་ཙམ་གྱི་ཚོམས་ཆེན་དུ་དཔེ་ཀློག་ཁུལ་དང་། ངལ་གསོ་ཁུལ། བྱིས་པའི་རོལ་རྩེད་ཁུལ་སོགས་ཚང་མ་ཡོད་ཅིང་། གསང་སྤྱོད་དང་མ་བུ་ཁང་ཡོད་ལ་རིན་མི་དགོས་པར་ཆར་གདུགས་དང་། ཝེ་པོ་ཚ་ཐབ། འཚེམ་འཁོར་སོགས་མཁོ་འདོན་བྱས་ནས། ཁོངས་གཏོགས་ཁུལ་གྱི་ལོ་ཚོད་མི་འདྲ་བའི་གྲོང་མིའི་དགོས་མཁོ་བསྐངས་གང་ཐུབ་བྱས་ཡོད། ལས་དོན་པས་ངལ་གསོ་རྒྱག་པར་ཡོང་མཁན་མང་ཚོགས་ལ་སེམས་རྩ་འཁོལ་པོས་ཇ་དང་ཆུ་བླུག་ཅིང་། ཉིན་མཚན་དབྱེར་མེད་དུ་ཞབས་འདེགས་སྣ་ཚོགས་ཞུས་ཏེ། ཁོང་ཚོར་ཏང་རྩ་འཛུགས་ཀྱིས་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་དྲོ་སྐྱིད་ཚོར་དུ་བཅུག་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁྱིམ་བདག་གིས་སློབ་མ་སྐྱེལ་བསུ་བྱེད་སྐབས་ཡུན་རིང་སྒུག་དགོས་པས་སྡེ་ཁུལ་མང་པོ་ཞིག་གིས་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་དེ་སློབ་གྲྭའི་ཉེ་འགྲམ་དུ་བཙུགས་པས། Vས་ཚིགས་དེ་ཡང་རང་བཞིན་གྱིས་ཁྱིམ་བདག་ཚོས་སློབ་ཕྲུག་སྒུག་ས་ཞིག་ཏུ་གྱུར་ཡོད།

    སྐྱིད་རས་ཁྲོམ་གཞུང་ཐལ་སྤུངས་སྒང་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་སུ་དཔེ་ཀློག་ཁུལ་དང་། བཟའ་འཐུང་ཁུལ། ངལ་གསོ་ཁུལ། བྱིས་པའི་རོལ་རྩེད་ཁུལ་སོགས་བཙུགས་ཡོད། ཐོག་བརྩེགས་གཉིས་པར་ད་དུང་རྒན་རྒོན་གྱི་ས་ཚིགས་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ཚོར་རིན་མི་དགོས་པར་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་དང་། ཁབ་བཙའ། བོད་སྨན་གྱིས་རྐང་པ་འཁྲུ་བ། ཁྲག་ཤེད་འཇལ་བ་སོགས་ཞབས་འདེགས་སྣ་ཚོགས་ཞུ་ཡི་ཡོད་པས་རྒན་རྒོན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཕྱིན་ཡོད་པ་རེད།

    “སྡེ་ཁུལ་གྱིས་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་བསྐྲུན་པར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ནུས་པ་འདོན་སྤེལ་ཐད་བྱ་ཐབས་དངོས་འདོན་པ། མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པའི་ཐད་ལྷག་བསམ་རྣམ་དག་བྱེད་པ། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་དེ་མང་ཚོགས་ཡོང་འདོད་པ་དང་། ཡོང་ནས་བྲལ་འདོད་མེད་པ། ཡང་བསྐྱར་ཡོང་འདོད་ཡོད་པ་བཅས་ཀྱི་ཞབས་འདེགས་ཞུ་བའི་ས་ཚིགས་སུ་གཏོད་པ་བཅས་བྱས་ནས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་ཀྱི་ཡིན”ཞེས་ཐལ་སྤུངས་སྒང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་པ་སངས་དབང་འདུས་ཀྱིས་བཤད།

    ཉེ་ཆར། ཁྲེང་ཀོན་ཆུས་ཀྱི་ཆུས་ཨུད་གཞུང་དོན་ཁང་གི་ཏང་ཀྲི་པུས་རབ་གསལ་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་དང་མཉམ་དུ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་སུ“‘བསམ་འདུན་ཆུང་ངུ’བསྒྲུབས་ནས་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་པའི”བྱེད་སྒོ་སྤེལ་བ་རེད། ཁྲེང་ཀོན་ཆུས་ཀྱི་ཆུས་ཨུད་གཞུང་དོན་ཁང་གི་ཏང་ཀྲི་པུས་དཀའ་ངལ་ཡོད་པའི་མང་ཚོགས་ཚོའི“བསམ་འདུན་ཆུང་ངུ”ཁག་7བསྒྲུབས་པའི་ནང་ཝེ་པོ་ཚ་ཐབ་4དང་། གློག་ཕྲུ་1 གློག་མདོང་2བཅས་ཚུད་ཡོད་པ་རེད། ཁྲེང་ཀོན་ཆུས་ཀྱི་ཆུས་ཨུད་གཞུང་དོན་ཁང་གི་ཏང་ཀྲི་པུས་མང་ཚོགས་ལ་འཕྲད་པའི་དཀའ་ངལ་རེ་རེ་བཞིན་ཤེས་རྟོགས་བྱས་ནས་ཁོང་ཚོའི་བསམ་འཆར་དང་གྲོས་འགོ་ཉན་པ་དང་འབྲེལ་མང་ཚོགས་ཚོའི“བསམ་འདུན་ཆུང་ངུ”བསྒྲུབས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཚོར་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱས་ཡོད།

    ཉིན་ཤས་བསྟུད་མར་བཅའ་སྡོད་བྱ་ཡུལ་ཚན་པའི་ཏང་རྩ་འཛུགས་དང་ལས་ཐོག་ཏང་ཡོན་གྱིས་སྡེ་ཁུལ་དུ་འབྱོར་ཐོ་བཀོད་དེ། རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་སྒོ་ནས་དང་བླངས་ཞབས་ཞུ་སྤེལ་བ་དང་། ལས་ཐོག་ཏང་ཡོན་སྡེ་ཁུལ་འཛུགས་སྐྲུན་ནང་ཞུགས་པ་དང་གཞི་རིམ་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བའི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་པ། ཏང་ཡོན་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་བཏང་ནས། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་དེ་ལས་ཐོག་ཏང་ཡོན་རྒྱུན་དུ་སྐྱོད་སའི་ས་ཆ་ཡག་པོ་ཞིག་དང་གདོང་ལེན་དཔེ་བཟང་དྲིལ་བསྒྲགས་བྱེད་པའི་ལས་སྟེགས་ཡག་པོ་ཞིག་ཏུ་གྱུར་ཡོད་པ་རེད།

    “ང་ཚོས་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་19བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་ས་ཚིགས་16ཟླ་འདིར་སྒོ་ཕྱེ་ནས་སྤྱོད་རྒྱུ་རེད། གོམ་སྟབས་རྗེས་མར་ང་ཚོས་གོ་རིམ་ལྡན་པའི་ངང་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ནས། རྒྱ་ཆེའི་གྲོང་མི་དང་མང་ཚོགས་ཚོར་སྒོ་རྩ་ནས་སྟབས་བདེའི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱེད་ཀྱི་ཡིན”ཞེས་ཁྲེང་ཀོན་ཆུས་ཀྱི་ཆུས་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་བསྟན་འཛིན་གཡང་འཛོམས་ཀྱིས་གསར་འགོད་པར་བཤད།

    འདི་ནི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་སུ་སྡེ་ཁུལ་གྱི་སྨན་པས་གྲོང་མིར་འོས་འགན་སྨན་བཅོས་བྱེད་བཞིན་པ།

    འདི་ནི་ཉེ་ཆར་ཁྲེང་ཀོན་ཆུས་ཀྱི་ཆུས་ཨུད་གཞུང་དོན་ཁང་གི་ཏང་ཀྲི་པུའུ་ཡིས་རབ་གསལ་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་དང་མཉམ་དུ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་སུ“‘བསམ་འདུན་ཆུང་ངུ’བསྒྲུབས་ནས་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད”ཅེས་པའི་བྱེད་སྒོ་སྤེལ་བཞིན་པ།

    འདི་ནི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ཀྱིས་གྲོང་མིར་རིན་མི་དགོས་པར་འཚེམ་བུ་རྒྱག་རོགས་བྱེད་པ།

    འདི་ནི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ཀྱི་ལས་དོན་པས་གྲོང་མིར་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་པ།

    འདི་ནི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ཀྱིས་གྲོང་མིར་རིན་མི་དགོས་པར་བོད་ལུགས་གསོ་རིག་གི་སྨན་བཅོས་བྱེད་བཞིན་པ།

    འདི་ནི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ཀྱི་ལས་དོན་པས་འགྲུལ་བཞུད་གྲོང་མིར་ཆུ་ཁོལ་བླུག་བཞིན་པ།

    འདི་ནི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ཀྱིས་གྲོང་མིར་རིན་མི་དགོས་པར་སྐྲ་བཞར་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།