ཉི་འགོག་བྱུག་རྫས་གདམ་གསེས་བྱེད་སྟངས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-07-05 08:48:30 ཀློག་གྲངས།:
       ད་ནི་དབྱར་ཁའི་ཚ་གདུག་ཆེ་བའི་དུས་ལ་སླེབས་པས། ཉི་འགོག་བྱུག་རྫས་འབྱུག་པའི་དུས་སྐབས་སུ་སླེབས་ཤིང་། ཉི་འགོག་བྱུག་རྫས་གདམ་གསེས་བྱེད་སྟངས་ལ་མཉམ་འཇོག་ལེགས་པོ་བྱེད་དགོས། “ཉི་འགོག་བྱུག་རྫས་ནི་སྐྱེ་ལྡན་ཉི་འགོག་བྱུག་རྫས(རྫས་འགྱུར་ཉི་འགོག་བྱུག་རྫས)དང་སྐྱེ་མེད་ཉི་འགོག་བྱུག་རྫས(དངོས་ལུགས་ཉི་འགོག་བྱུག་རྫས)གཉིས་སུ་དབྱེ་ཞིང་། ཉི་འགོག་བྱུག་རྫས་འབྱུག་ཚུལ་ཡང་དག་ཡིན་ན། དེས་སྐྱི་པགས་ཀྱི་ངོས་ལ་སྲུང་ཡོལ་སྲབ་མོ་ཞིག་བཀབ་པ་ལྟར་སྨུག་ཕྱིའི་འོད་ཐིག་གི་ལྡོག་འཕྲོ་ཇེ་ཉུང་དུ་གཏོང་ཐུབ”ཅེས་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གི་ལས་བྱེད་པས་དེ་ལྟར་མཚམས་སྦྱོར་བྱས།
       རྒྱུས་ལོན་པ་ལྟར་ན། ད་ལྟ་ཚོང་རར་ཕྱིར་འཚོང་བྱེད་ཀྱིན་པའི་ཉི་འགོག་བྱུག་རྫས་མང་ཤོས་ནི་དངོས་ལུགས་ཉི་འགོག་དང་རྫས་འགྱུར་ཉི་འགོག་མཉམ་དུ་འདྲེས་པའི་ཐོན་རྫས་ཡིན་ལ། ཉི་འགོག་བྱུག་རྫས་ཀྱི་ཕྱི་ཐུམ་སྟེངPAདངSPFབྲིས་ཡོད་པ་དང་། འདི་གཉིས་ནི་ཉི་འགོག་བྱུག་རྫས་གདམ་གསེས་བྱེད་པའི་ཚད་གཞི་ཡིན།PAནིUVA(རླབས་རིང་སྨུག་ཕྱིའི་འོད་ཐིག)འགོག་པའི་ནུས་ལྡན་གྱི་གཞི་འཛིན་ས་ཡིན་པས། PA+ཡིན་ན་ནུས་ལྡན་ཡིན་པའི་རྟགས་དང་། PA++ཡིན་ན་ནུས་པ་ཆེན་པོ་ལྡན་པའི་རྟགས་དང་། PA+++ཡིན་ན་ནུས་པ་ཧ་ཅང་ཆེན་པོ་ལྡན་པའི་རྟགས་ཡིན། SPFཡིས་ཉི་འགོག་བཏགས་གྲངས་མཚོན་ཞིང་། གཙོ་བོUVA(རླབས་འབྲིང་སྨུག་ཕྱིའི་འོད་ཐིག)འགོག་པའི་ཚད་མཚོན་པ་ཡིན། ཕྱི་ཐུམ་སྟེང་དུSPFནི15དང30དང་ཡང་ན50ཞེས་བྲིས་ཡོད་ན། UVAཡི་ལྡོག་གྲངས་སྡུད་ལེན་བྱེད་ཚད་སོ་སོར93%དང97%དང98%བཅས་ཡིན། དུས་རྒྱུན་དུSPF15དངPA+ནསPA++ཅན་བྱུགས་པས་ཆོག་ལ། ཕྱི་རོལ་གྱི་ཉི་འོད་འོག་བྱ་བ་སྒྲུབ་པ་དང་ཡང་ན་ལུས་སྦྱོང་བྱེད་སྐབསSPF≥30དངPA+++ཅན་བྱུག་དགོས། ཉི་འགོག་བཏགས་གྲངས་ཇི་ལྟར་མཐོ་ན་དེ་ལྟར་བཟང་བའི་ངེས་པ་མེད། སྨན་རྫས་ལྟ་སྐུལ་སྡེ་ཁག་གི་ལས་བྱེད་པས་བཤད་པ་ལྟར་ན། ཉི་འགོག་བྱུག་རྫས་ཀྱིSPFདེ50ལས་ཆེ་བའི་སྐབས་སུ། སྨུག་ཕྱིའི་འོད་ཐིག་གི་ལྡོག་འཕྲོ་ནུས་པ་ཕལ་ཆེར་ཇེ་མཐོར་མི་འགྲོ་བ་དང་། ཉི་འགོག་བཏགས་གྲངས་མཐོ་དྲག་པའི་ཐོན་རྫས་ཀྱི་ནང་དུ་དངོས་ལུགས་དང་རྫས་འགྱུར་དངོས་པོ་འབོར་ཆེན་འདུས་པས། སྐྱི་པགས་ལ་གནོད་པ་བཟོ་ངེས་སོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།