རྒྱང་རིང་།? ཕ་ཡུལ།? རང་ཉིད།?

念布文学 2023-06-15 14:35 Posted on 北京


Image 

Image

Image




རྒྱང་རིང་།

ནམ་མཁའ་སྔོ་ཞིང་དྭངས་དུས
རྒྱང་རིང་ནི་རྐང་རྗེན་དུ་རྒྱུགས་ནའང་སླེབས་ཐུབ་ས་ཞིག་ཡིན་སྣང་ཤར
འོན་ཀྱང་སྤྲིན་ནག་ལང་ལོང་འཁྲིགས་དུས
རྒྱང་རིང་ནི་ལོང་པ་ཞིག་ལག་མགོས་ཁྲིད་ནས་འགྲོ་དགོས་ས་ཞིག་མིན་ནམ་སྙམ






ཕ་ཡུལ།

ཆར་བ་ཤག་ཤག་འབབ་དུས
ཕ་ཡུལ་ནི་ལྷ་ཚོགས་ཀྱི་རོལ་དབྱངས་ལ་ཉན་ཆོག་སའི་སྦྲའི་ཚོམས་ཁང་ཞིག་ཡིན་སྣང་ཤར
འོན་ཀྱང་རླུང་དམར་འུར་འུར་ལྡང་དུས
ཕ་ཡུལ་ནི་ཅི་ལྟར་བཙལ་ཡང་བོར་ས་མི་རྙེད་པའི་ལྷམ་ཆུང་ཐེད་པོ་ཡ་གཅིག་མིན་ནམ་སྙམ






རང་ཉིད།

གད་མོ་ལྷུག་ལྷུག་དགོད་དུས
རང་ཉིད་ནི་སུས་ཀྱང་རེག་མ་མྱོང་བའི་རླབས་དཀར་གྱི་རི་མོ་ཞིག་ཡིན་སྣང་ཤར
འོན་ཀྱང་གདུང་བ་ཡོམ་ཡོམ་འགུལ་དུས
རང་ཉིད་ནི་བྱ་གཅིག་ཀྱང་ཆུ་ཁར་མི་འབབ་པའི་ཁེར་རྐྱང་གི་མཚོ་ཆུང་ཞིག་མིན་ནམ་སྙམ


2023.6.15







Image
Love Me Like You Do


Image




Image

སྙན་བུ། པེ་ཅིན་གྱི་འབྲོག་པ།  ད་ལྟ་རྩོམ་སྒྲིག་པའི་ལས་ཀར་གཞོལ་མུས་ཡོད། བརྩམས་ཆོས་གཙོ་བོར་སྙན་དེབ་《བདག་གི་རྟ་ཕོ》《ང་ལམ་ལ་ཆས་འདོད།》 སྒྲུང་འབྲིང་དེབ་《རི་མོའི་ནང་གི་ཨ་ཕ་》བཅས་ཡོད། 

Image



收录于合集 #སྙན་བུའི་སྙན་ངག
 5
上一篇ཁ་དོག་དང་ཡུལ་ལྗོངས་སོགས་སྙན་ངག་གསར་པ་བཅུ། སྙན་བུ།
Modified on 2023-06-15