ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སྨན་བཅོས་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར་7.2ཚུར་བསྡུས་པ།

2023-06-16 15:23:00     责编:桑吉卓玛

སྨན་བཅོས་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར་7.2ཚུར་བསྡུས་པ།

       སྤྱི་ཚེས་13ཉིན་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་2022ལོའི་ལོ་འཁོར་གྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཞིབ་བཤེར་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། སྤྱི་ལོ་2022ལོར་ཞིང་ཆེན་23གྱི་གནས་གཏན་འཁེལ་གྱི་སྨན་བཅོས་ཚན་པ་48ལ་འཐེན་བཤེར་བྱས་པ་དང་། ཞིབ་བཤེར་ཚོགས་ཆུང་གིས་ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ཞིབ་བཤེར་བྱ་ཡུལ་ས་གནས་ལ་རྩིས་སྤྲད་རྗེས། ཞིབ་བཤེར་བྱ་ཡུལ་ས་གནས་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ཁྲིམས་ལྟར་གནད་དོན་ཡོད་པའི་གནས་གཏན་འཁེལ་གྱི་སྨན་བཅོས་ཚན་པར་ཐག་གཅོད་བྱས་ཡོད་ཅིང་། མིག་སྔའི་བར་སྨན་བཅོས་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར་7.2ཚུར་བསྡུས་ཡོད་པ་རེད།
 

 

       ཞིབ་བཤེར་ཚོགས་ཆུང་གིས་འཐེན་བཤེར་བྱས་པའི་གནས་གཏན་འཁེལ་གྱི་སྨན་བཅོས་ཚན་པ་48ནང་རིམ་པ་གསུམ་པའི་གཞུང་བཙུགས་སྨན་ཁང་40དང་། རིམ་པ་གསུམ་པའི་དམངས་གཉེར་སྨན་ཁང་3 རིམ་པ་གཉིས་པའི་དམངས་གཉེར་སྨན་བཅོས་ཚན་པ་5བཅས་ཚུད་ཡོད་པ་རེད། འཐེན་བཤེར་བྱས་པའི་སྨན་བཅོས་ཚན་པ་གཙོ་བོ་གྲོན་དངུལ་བསྐྱར་བསྡུ་དང་། ཚད་གཞི་ལས་བརྒལ་ནས་གྲོན་དངུལ་བསྡུ་བ། རྣམ་གྲངས་ཁག་བགོས་ནས་གྲོན་དངུལ་བསྡུ་བ་སོགས་ཀྱི་གནད་དོན་དང་། སྨན་རྫས་དང་། སྨན་བཅོས་རྒྱུ་ཆ། ནད་བརྟག་སྨན་བཅོས་ཀྱི་རྣམ་གྲངས། ཞབས་ཞུའི་སྒྲིག་བཀོད་བརྗེ་བ་སོགས་སྨན་བཅོས་འགན་བཅོལ་མ་དངུལ་གཏོང་སྤྲོད་ཁྱབ་ཁོངས་སུ་མི་གཏོགས་པའི་སྨན་དང་སྨན་བཅོས་ཀྱི་འགྲོ་གྲོན་དེ་སྨན་བཅོས་འགན་བཅོལ་ཐེབས་རྩའི་རྩིས་རྒྱག་ནང་བཅུག་པ། སྨན་བཅོས་ཚད་གཞི་ལས་བརྒལ་ནས་ནད་བརྟག་སྨན་བཅོས་དང་། ཚད་བརྒལ་བརྟག་དཔྱད། ཚད་ལས་བརྒལ་ནས་སྨན་སྤྲོད་པ་སོགས་ཀྱི་གནད་དོན། དེ་བཞིན་སྨན་ཁང་དུ་སྡོད་པའི་འགྲོ་ལུགས་ལུགས་མཐུན་མིན་པར་སྨན་བཅོས་ཐེབས་རྩའི་མ་དངུལ་སྤྱོད་པ་སོགས་ཀྱི་གནད་དོན་ཡོད་པ་རེད།
 

 

       མིག་སྔའི་བར་འབྲེལ་ཡོད་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་དུང་ཕྱུར་7.2ཚུར་བསྡུས་པ་དང་། གནས་གཏན་འཁེལ་གྱི་སྨན་བཅོས་ཚན་པ་16ལ་སྲིད་འཛིན་དངུལ་ཆད་སྒོར་དུང་ཕྱུར་1.2བཅད་པ། གནས་གཏན་འཁེལ་གྱི་སྨན་བཅོས་ཚན་པ་7ལ་དངུལ་ཆད་སྒོར་ཁྲི་25.1བཅད་པ། གནད་དོན་ཁག་གཅིག་སྔར་བས་བསྐྱར་ཞིབ་དང་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

       རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཡོངས་ནས་བལྟས་ཚེ་སྤྱི་ལོ་2022ལོར་སྨན་བཅོལ་འགན་བཅོལ་མ་དངུལ་ཞིབ་བཤེར་དེ་སྨན་བཅོས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་གྱི་སྨན་བཅོས་ཚན་པ་ཆེ་གྲས་ལ་དམིགས་ཡོད་ཅིང་། ཚན་པ་དེ་དག་གིས་སྨན་བཅོས་འགན་བཅོལ་མ་དངུལ་སྤྱོད་པའི་ཐད་ལྷག་པའི་དཔེ་མཚོན་གནད་དོན་བཏོན་ནས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་ཚན་པར་སྒམ་ནན་དང་། ཕྱོགས་ཡོངས། ཏན་ཏིག་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་ལྟ་འདེད་བྱས་ཡོད་ཅིང་། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་མ་དངུལ་སྤྱོད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐྱིད་པོ། ལྷག་པ། བསྟན་འཛིན།
སྒྲིག་སྒྱུར། སྤེན་པ་རྒྱ་མཚོ།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

སྨན་བཅོས་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར་7.2ཚུར་བསྡུས་པ།

སྤྱི་ཚེས་13ཉིན་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་2022ལོའི་ལོ་འཁོར་གྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཞིབ་བཤེར་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། སྤྱི་ལོ་2022