དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གོང་དཀར་གནམ་ཐང་བབས་ཚུགས་T1དང་T2 ཀྱི་སྒྱུར་བཀོད་ལས་གྲྭ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-12

    ལྷ་ས་གོང་དཀར་གནམ་ཐང་གི་གལ་ཆེའི་མཁའ་འགྲུལ་སྐྱེལ་འདྲེན་འགན་ལེན་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་ལྷ་ས་གོང་དཀར་གནམ་ཐང་གི་རྒྱལ་སྤྱིའི་འགག་སྒོའི་ནུས་པ་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ལྷ་ས་གོང་དཀར་གནམ་ཐང་བབས་ཚུགས་T1དང་T2ཀྱི་སྤྱི་ཡོངས་སྒྱུར་བཀོད་ལས་གྲྭ་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔའིT1གནམ་ཐང་བབས་ཚུགས་སྒྱུར་བཀོད་བྱས་རྗེས་རྒྱལ་ནང་གི་སྐྱེལ་འདྲེན་དང་ འགན་ལེན་གལ་ཆེན་གྱི་སྐྱེལ་འདྲེན་ནུས་པ་དང་ལེན་བྱེད་རྒྱུ་དང་T2གནམ་ཐང་བབས་ཚུགས་ཧྲིལ་པོ་རྒྱལ་སྤྱིའི་བྱེད་ནུས་ཁུལ་དུ་སྒྱུར་བཀོད་བྱེད་རྒྱུ་རེད། སྒྱུར་བཀོད་ཧྲིལ་པོ་ལེགས་སྒྲུབ་ཟིན་རྗེས་སྨི་ངོས་གྲུ་ཁྲི་2.7ཙམ་ཟིན་པའི་གནམ་ཐང་བབས་ཚུགས་T1/T2ཀྱི་ཕྱོགས་བསྡུས་སྒྲིག་གཞི་ཞིག་ཆགས་རྒྱུ་རེད། དེའི་ནང་རྒྱལ་སྤྱིའི་འགྲུལ་པའི་སྤྱོད་ཁུལ་སྨི་ངོས་གྲུ་ཁྲི་1.37ཙམ་དང་བར་བརྒྱུད་ཁུལ་སྨི་ངོས་གྲུ་1300ཟིན་པ་དང་། རྒྱལ་ནང་གི་འགྲུལ་པའི་སྤྱོད་ཁུལ་སྨི་ངོས་གྲུ་7000དང་རྒྱལ་སྤྱིའི་གནམ་གྲུ་སྒུག་སའི་ཚོམས་ཆེན་སྨི་ངོས་གྲུ་5000ཟིན་ཡོད། གཞན་ཡང་གནམ་ཐང་བབས་ཚུགས་T1/T2ཀྱི་ཕྱོགས་བསྡུས་ཐོག་ཁང་མདུན་གྱི་འགྲིམ་འགྲུལ་སྒྲིག་བཀོད་ཀྱི་བཀོད་པ་དང་སྨི་ངོས་གྲུ་ཁྲི་2.87ཙམ་གྱི་རླངས་འཁོར་འཇོག་ས་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་སྣ་ཚོགས་བསྐྲུན་ནས་འགྲུལ་པར་དེ་བས་སྟབས་བདེ་བའི་ཞབས་འདེགས་ཞུ་རྒྱུ་རེད།

    ཨར་སྐྲུན་གྱི་འཆར་གཞི་ལྟར་ན། སྔོན་དཔག་བྱས་ན་ཟླ་11པའི་ཟླ་དཀྱིལ་དུ་གནམ་ཐང་བབས་ཚུགས་T1གི་སྒྱུར་བཀོད་ལས་གྲྭའི་གྲུབ་ཆའི་ཨར་སྐྲུན་ལེགས་སྒྲུབ་བྱེད་རྒྱུ་དང་། འདི་ལོའི་ལོ་མཇུག་ཏུ་T2ས་ཁོངས་ཀྱི་ཨར་སྐྲུན་ལེགས་གྲུབ་ཟིན་ནས་ཞིབ་བཤེར་རྩིས་ལེན་བྱེད་རྒྱུ། 2024ལོའི་ཟླ་6པའི་ཟླ་མཇུག་ཏུ་རྣམ་གྲངས་ཆ་ཚང་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།