དབུ་ཤོག
  • ཟླ7ཚེས1ནས་གླིང་སྐོར་བྱང་ལམ་སོཌ་ལ་མོ་ཊ་འདི་དག་གཏོང་ཆོག་གི་མི་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-29

     ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་སྔར་བས་ལེགས་སུ་གཏོང་ཆེད། ཟླ་6ཚེས་24ཉིན་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཆེད་དུ་སྤྱི་བསྒྲགས་ཤིག་སྤེལ་འདུག 

        སྤྱི་བསྒྲགས་ནང་ནན་བཤད་གནང་དོན། མོ་ཊའི་དུ་བ་གཏན་འབེབས་ཀྱི་རིགས་ཀྱི་ཚད་གཞིར་སླེབས་མེད་པའི་ལས་གྲྭའི་འཕྲུལ་ཆས(ས་བླུག་འཕྲུལ་འཁོར་དང་། རྐོ་འདྲུའི་འཕྲུལ་འཁོར། ས་འཕུལ་འཕྲུལ་འཁོར། ལམ་བཅག་འཕྲུལ་འཁོར། ཁ་དབྲག་འཕྲུལ་འཁོར་སོགས་ཚུད་ཡོད)དང་། ཞིང་ལས་འཕྲུལ་འཁོར་དང་། ནགས་ལས་འཕྲུལ་འཁོར། རྒྱུ་ཆ་འདོན་འཇུག་འཕྲུལ་འཁོར་སོགས་གླིང་སྐོར་ནུབ་ལམ་དང་། པེ་ཅིང་དཀྱིལ་ལམ། མི་རིགས་དཀྱིལ་ལམ། མི་རིགས་ལམ། བཅིངས་འགྲོལ་ཤར་ལམ། ཅང་སུའུ་ལམ། གླིང་སྐོར་ཤར་ལམ་ཀྱི་དུམ་བུ་བར་མ། གླིང་སྐོར་ཤར་ལམ་གྱི་དུམ་བུ་བྱང་མ། གླིང་སྐོར་བྱང་ལམ། གླིང་སྐོར་ནུབ་ལམ་བཅས་ནས་སྐྱོད་མི་ཆོག 

       སྤྱི་བསྒྲགས་ནང་བསྟན་དོན། སྤྱི་བསྒྲགས་འདི་2020ལོའི་ཟླ་7ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 


    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།