[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་བཟོ་ཚོང་དངུལ་ཁང་སོ་ཏི་ཨ་རབ་ཅི་ཏ་ཡན་ལག་དངུལ་ཁང་ལས་གཉེར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2023-05-23

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ཡ་ཏེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་བཟོ་ཚོང་དངུལ་ཁང་སོ་ཏི་ཨ་རབ་ཅི་ཏ་ཡན་ལག་དངུལ་ཁང་ལས་གཉེར་བྱེད་འགོ་ཚུགས་པའི་མཛད་སྒོ་དང་མི་དམངས་ཤོག་སྒོར་གྱི་ལས་སྒོའི་ངོ་སྤྲོད་ཚོགས་འདུ་སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏེར་གཉེར་བ་རེད།

    ཀྲུང་གོ་བཟོ་ཚོང་དངུལ་ཁང་གིས་སོ་ཏི་ཨ་རབ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁ་ཐར། ཁུ་ཝེ་ཐེ་བཅས་སུ་ཡན་ལག་སྒྲིག་གཞི་བཙུགས་པ་དང་། དེའི་ནང་སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏེར་ཡན་ལག་དངུལ་ཁང་བཙུགས་ཡོད། སོ་ཏི་ཨ་རབ་ཅི་ཏ་ཡན་ལག་དངུལ་ཁང་ལས་གཉེར་བྱེད་འགོ་ཚུགས་པ་ལས་ཀྲུང་གོས་མ་རྩ་བཏང་བའི་དངུལ་རྩའི་ཞབས་ཞུ་ཁྱབ་རྒྱ་སྔར་བས་ཆེ་རུ་ཕྱིན་ནས་རྒྱལ་སྤྱི་ཅན་གྱི་གཉེར་སྐྱོང་དང་མི་དམངས་ཤོག་སྒོར་གྱི་ལས་སྒོའི་ལེགས་ཆ་འདོན་སྤེལ་གང་ལེགས་ཐུབ་སྟེ། སྤུས་ལེགས་ཀྱི་དངུལ་རྩའི་ཞབས་ཞུར་བརྟེན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོ་དང་སོ་ཏི་ཨ་རབ་ཀྱི“2030ལོའི་ཕུགས་འདུན”འབྲེལ་མཐུད་གཏིང་ཟབ་ཐུབ་པར་སྐུལ་མ་ཐེབས་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་ཕུལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།