ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ནས་མཉམ་ལས་ཀྱི་མ་དཔེ་བཏོད་པ་སྟེ་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་འཛམ་གླིང་སྨྱན་སྦྱོར་གྱིས་དོ་ཁུར་བྱས་པ།

2023-05-20 11:28:00     责编:桑吉卓玛

ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཟླ་5པའི་ཚེས་18ཉིན་དང་ཚེས་19ཉིན་ཧྲའན་ཞི་ཞི་ཨན་དུ་འཚོགས་ཤིང་། སྦྱིན་བདག་རྒྱལ་ཁབ་ཀྲུང་གོ་ཕྱོགས་ཀྱི་གསར་འགོད་པའི་ཚོགས་པ་ཕུད་ཐེངས་འདིའི་དབུ་ཚོགས་ཐོག་ཧ་སག་སི་ཐན་དང་ཁེར་གྷི་སི་ཐན། ཐ་ཇིག་སི་ཐན། ཐུ་ཁུ་མན་སི་ཐན། ཨུ་ཙེ་བྷེ་ཁི་སི་ཐན་བཅས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་དང་། དེ་བཞིན་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་དག་དང་ལ་ཏིང་མེ་གླིང་། ཨ་ཧྥེ་རི་ཁ། ཡོ་རོབ་བཅས་ནས་ཡོང་བའི་ཕྱི་རྒྱལ་གྱི་གསར་འགོད་པ་300ལྷག་ཙམ་འབྱོར་ཡོད་པ་རེད། ཁོང་ཚོས་ཐེངས་འདིའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱིས་ས་ཁོངས་ནང་གི་རྒྱལ་ཁབ་ཀྱི་མཉམ་ལས་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། རྒྱལ་ཁབ་གཞན་དག་གི་མཉམ་ལས་འགྲོ་འོང་ལ་འཆར་གཞི་བཀོད་ནས་མ་དཔེ་གཏད་ཡོད་པའི་ངོས་འཛིན་གནང་ཡོད།

ཁེར་གྷི་སི་ཐན་གྱི《དར་གོས་ལམ་བུའི་ལྟ་ཞིབ་ཚགས་པར་གསར་པ》ཞེས་པའི་ཐུར་ཏ་ཁུའུ་ནའོ་ཝ་ཡིས་ཀྲུང་གོ་རུ་ལོ་བཞི་སློབ་སྦྱོང་དང་འཚོ་བ་སྐྱེལ་མྱོང་ཡོད། ཁོང་གིས་སླར་ཡང་གསར་འགོད་པའི་མིང་ཐོག་ནས་ཀྲུང་གོར་ལོག་པར་བྱམས་བརྩེའི་ཚོར་སྣང་ཞིག་སྐྱེས་བྱུང་། སྐབས་དང་པོའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ནང་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐེངས་འདིའི་དབུ་ཚོགས་འདི་ལས་ང་ཚོའི་རྒྱལ་ཁབ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཚང་མ། ཀྲུང་གོ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔའི་འཛམ་གླིང་ལ་བརྟན་བརླིང་མིན་པའི་རང་བཞིན་གྱིས་ཁེངས་ཡོད་ལ། དེ་ལས་ཀྲུང་གོ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེས་ཁེར་གྷི་སི་ཐན་ལ་བདེ་འཇགས་བསྐྲུན་ཡོད། ང་ཚོའི་རྒྱལ་ཁབ་གཉི་ཀ་ཐོག་མཐའ་བར་གསུམ་དུ་མཉམ་དུ་ལངས་ནས་ཕན་ཚུན་རོགས་རམ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཐེངས་འདིའི་དབུ་ཚོགས་ནང་ཞུགས་ཐུབ་པར་ང་ཚོ་ཧ་ཅང་དགའ་པོ་བྱུང་། ཐེངས་འདིའི་དབུ་ཚོགས་ཀྱིས་དཔལ་འབྱོར་དང་རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལའང་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།

ཧ་སག་སི་ཐན་གྱི་BAQགསར་འགྱུར་ཁང་གི་གསར་འགོད་པ་ལ་མན་ཁུའུ་ལུའོ་ཝ་ཡིས། དབུ་ཚོགས་ཐོག་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་མཉམ་ལས་སྐོར་གྱི་འདོད་ཚུལ་དེ་བས་མང་བ་ཐོས་རྒྱུའི་རེ་བ་བྱེད་ཀྱི་ཡོད།

ཐེངས་འདིའི་དབུ་ཚོགས་ཐོག་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་དཔལ་འབྱོར་སྔར་བས་ལེགས་སུ་གཏོང་བ་དང་དེ་བཞིན་ཁྱབ་ཁོངས་གཞན་དག་གི་མཉམ་ལས་ཁ་ཕྱོགས་ལ་གྲོས་བསྡུར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

ཐེངས་འདིའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱིས་ད་དུང་འཛམ་གླིང་གི་རྒྱལ་ཁབ་མང་པོའི་གསར་འགོད་པའི་ཡིད་དབང་བཀུག་ནས་གནས་ཚུལ་སྤེལ་བར་འབྱོར་ཡོད། ཀུའེ་ཡ་ན་ཙུང་ཐུང་གཞུང་དོན་ཁང་གི་གསར་འགྱུར་དང་དྲིལ་བསྒྲགས་ཚོགས་ཆུང་གི་སུའུ་ལི་ཡིས། ཀུའེ་ཡ་ན་ནི་དབྱིན་ཇིའི་ཅ་ལི་པིའི་ས་ཁུལ་དུ་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་ཀྲུང་གོ་ནི་ཀུའེ་ཡ་ནའི་མཉམ་ལས་རོགས་ཟླ་གལ་ཆེན་ཡིན། རྒྱུད་གཅིག་ལམ་གཅིག་མཉམ་དུ་སྐྲུན་པའི་སྒྲོམ་གཞིའི་འོག ཀུའེ་ཡ་ན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅེས་དང་། ཁོང་གིས་དབུ་ཚོགས་རིང་ཕྱོགས་གཉིས་པོའི་ཕྱོགས་མང་མཉམ་ལས་སྐོར་གྱི་དཔེ་མཚོན་དེ་བས་མང་བ་ཐོས་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀུའེ་ཡ་ན་དང་ཀྲུང་གོའི་བར་མཉམ་ལས་རྣམ་གྲངས་ཧ་ཅང་མང་པོ་ཡོད་པ་དང་། དཔེར་ན་ཀུའེ་ཡ་ན་རྒྱལ་ཁབ་གནམ་ཐང་རྒྱས་སྐྲུན་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་གྱི་འཕེལ་རིམ་ཧ་ཅང་ཡག་པོ་ཡོད་པ་རེད།

ཐེངས་འདིའི་དབུ་ཚོགས་རིང་ཕྱོགས་གཉིས་པོའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པ་མཐོང་ཞིང་། ཀྲུང་གོ་དང་མཉམ་ལས་རོགས་ཟླས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་དེ་ཐོག་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་ཕན་ཚུན་བརྩི་འཇོག་བྱེད་པའི་སྙིང་སྟོབས་མངོན་ཡོད་ཅེས་བཤད་པ་རེད།

མིག་སྔར་ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་བར་ཞི་བདེ་མཉམ་ལས་དང་སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་ཡུལ་སྐོར་རིག་གནས་སོགས་མཉམ་ལས་ཁྱབ་ཁོངས་སུའང་རྒྱུན་ཆད་མེད་པར་གསར་འབྱེད་གསར་གཏོད་བྱས་ཏེ་ཡུལ་སྐོར་རིག་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ཟམ་མི་ཆད་པར་གསར་གཏོད་དང་། ཐུན་མོང་ཐོག་སྣ་མང་མཉམ་འགུལ་གྱི་སྤྱི་ཚོགས་སྤེལ་རེས་ཀྱི་རྣམ་པ་ཆེན་པོ་ཞིག་བཏོད་ཡོད།

སི་རི་ལན་ཁའི《ADAཚགས་པར》གྱི་གསར་འགོད་པ་ན་ཝོ་ཏེ་ཡ་ཡིས། སི་རི་ལན་ཁ་དང་ཀྲུང་གོ་གཉིས་ལ་ཡུན་རིང་གི་འགྲོ་འོང་ལོ་རྒྱུས་ཡོད་ལ། སི་རི་ལན་ཁ་ནི་གནའ་བོའི་མཚོ་ཐོག་དར་གོས་ལམ་བུའི་ཐོག་གི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པས་ཀྲུང་གོས་ང་ཚོར་དུས་རྟག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད།

ཐེངས་འདིའི་དབུ་ཚོགས་རིང་ང་རང་ནས་ཡུལ་སྐོར་མཉམ་ལས་ཀྱི་བརྗོད་དོན་ལ་སྤྲོ་བ་ཆེན་པོ་ཡོད། དེའི་རྒྱུ་མཚན་ནི་ཡུལ་སྐོར་ལས་རིགས་དེ་ངའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེན་ཞིག་ཡིན་པས་ངས་ཡུལ་སྐོར་འཕེལ་རྒྱས་ཀྱི་འབྲེལ་ཡོད་རྩོམ་ཡིག་ཅིག་འབྲི་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

གྲངས་གཞི་ལས་མངོན་པར་གཞིགས་ན། སྤྱི་ལོ་2022ལོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་702ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། སྤྱི་ལོ་2023ལོའི་ཟླ་གསུམ་པའི་ཟླ་མཇུག་བར་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཏེ་ཁྲང་ཨན་རྟགས་ཅན་གྱི་མེ་འཁོར་དེ་ཨེ་ཤེ་ཡ་དབུས་མའི་ཕྱོགས་སུ་ཐེངས་4250བཏང་ཡོད། ཀྲུང་གོ་ནས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཚང་མའི་བར་རྒྱུད་གཅིག་ལམ་གཅིག་གི་འབྲེལ་ཡོད་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལམ་སྲོལ་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ་སོགས་དངོས་སྒྲུབ་མཉམ་ལས་ཀྱི་རྒྱབ་ཏུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་བར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་སྔར་བས་ཟབ་ཏུ་འགྲོ་བ། མཛའ་གྲོགས་ཀྱི་འབྲེལ་བ་ཟབ་ཏུ་འགྲོ་བ་བཅས་མངོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ནས་མཉམ་ལས་ཀྱི་མ་དཔེ་བཏོད་པ་སྟེ་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་འཛམ་གླིང་སྨྱན་སྦྱོར་གྱིས་དོ་ཁུར་བྱས་པ།

ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཟླ་5པའི་ཚེས་18ཉིན་དང་ཚེས་19ཉིན་ཧྲའན་ཞི་ཞི་ཨན་དུ་འཚོགས་ཤིང་། སྦྱིན་བདག་རྒྱལ་ཁབ་ཀྲུང་གོ་ཕྱོགས་ཀྱི་གསར་འགོད་པའི་ཚོགས་པ་ཕུད་ཐེངས་འདིའི་དབུ་ཚོགས་ཐོག་ཧ་སག་སི་ཐན་དང་ཁེར་གྷི་སི་ཐན།