བོད་ལྗོངས་ཀྱིས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་ཚད་ལྡན་ཅན་དུ་སྐྲུན་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་ནས་བོད་ལྗོངས་ཡོངས་ཀྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་ཚད་ལྡན་ཅན་དུ་སྐྲུན་པའི་ལྟ་ཞིབ་ལས་ཀའི་གནས་ཚུལ་སྙན་ཞུ་གསན་སྐབས།  ཚད་གཞི་མཐོ་པོའི་སྒོ་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་ཚད་ལྡན་ཅན་དུ་སྐྲུན་རྒྱུར་སྐུལ་འདེད་བཏང་སྟེ།  གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་ནན་བཤད་གནང་ཡོད།

ཙེང་དབན་མིང་ནས།  གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་ནི་ཏང་གིས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད།  འབྲེལ་གཏུགས།  ཞབས་ཞུ།  གཅིག་སྒྲིལ་བཅས་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཡིན་པས་ཆབ་སྲིད་ཀྱི་བྱེད་ནུས་དང་ཞབས་ཞུའི་བྱེད་ནུས་མངོན་ཆེར་འཛིན་པ་དང་མི་དམངས་གཙོ་བོར་འཛིན་པའི་བསམ་བློ་མངོན་པ་བྱས་ཐོག  སྒོ་དབྱེའི་རང་བཞིན་མི་འདེང་བའི་ཞན་ཆ་གསབ་པ་དང་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས།  མང་ཚོགས་ལ་བྱ་བ་སྒྲུབ་ས་ཡོད་པ་དང་སློབ་སྦྱོང་བྱེད་ས་ཡོད་པ།  ནད་གཞི་བཅོས་ས་ཡོད་པ།  ཉོ་སྒྲུབ་བྱེད་ས་ཡོད་པ།  རོལ་རྩེད་རྩེ་ས་ཡོད་པ།  ལུས་སྦྱོང་བྱེད་ས་ཡོད་པ་བཅས་བྱེད་དགོས་པའི་བཀའ་སློབ་གནང་བ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།