བོད་ལྗོངས་ཀྱིས་རྒྱུན་རྣམ་ཅན་གྱི་སྲུང་སྐྱོང་ལག་བསྟར་བྱས་ཏེ་ལྷ་སའི་སྐྱིད་ཆུ་སྔར་བས་མཛེས་སྡུག་ལྡན་པར་གྱུར།

W020210323332540859876.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས22ཉིན་ནི“འཛམ་གླིང་ཆུའི་ཉིན་མོ”ཐེངས་ཉེར་དགུ་པ་རེད། ཉེ་བའི་ལོ་འགའི་རིང་། ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ཆུ་དཔོན་དང་། ཉེན་རྟོག་དཔོན། སྤྱི་དམངས་ཀྱི་ཆུ་དཔོན་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ། ཆུ་བོ་དང་མཚེའུ་ཡི“གང་བྱུང་བཞི་གཙང་སེལ”བྱེད་པའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ལྷ་སའི་སྐྱིད་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་བཏོད་པ་རེད།

2021ལོའི་ཟླ3པའི་ཚེས22ཉིན་ནི“འཛམ་གླིང་ཆུའི་ཉིན་མོ”ཐེངས་ཉེར་དགུ་པ་ཡིན་པ་དང་། ཟླ3པའི་ཚེས22ནས28ཉིན་བར་ནི“ཀྲུང་གོའི་ཆུའི་གཟའ་འཁོར”སྐབས་སོ་བཞི་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས2021ལོའི“འཛམ་གླིང་ཆུའི་ཉིན་མོའི”བརྗོད་གཞི་ནི“Valuing Water”(ཆུར་གཅེས་འཛིན་དང་ཆུར་གཅེས་སྐྱོང)ཡིན་པ་གཏན་འཁེལ་བྱས་ཤིང་། རང་རྒྱལ་གྱི2021ལོའི“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་བྱེད་སྒོའི་བརྗོད་གཞི་ནི“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ་ཆུའི་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་གྱི་བདེ་འཇགས་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་རེད།

2018ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་ཆུ་དཔོན་ལམ་ལུགས་ཀྱི་སྐོར་དང་པོའི་ཆུ་བོ་དང་མཚེའུའི་ཆུ་དཔོན་གྱི་མིང་ཐོ་ཁྱབ་གདལ་བཏང་སྟེ། ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་ཆུ་བོ་གཙོ་གྲས(མཚེའུ)243ཡོད་པའི་ནང་ཡར་ཀླུང་གཙང་པོའི་ལྷ་སའི་མཚམས་དང་། ལྷ་སའི་སྐྱིད་ཆུ། གནམ་མཚོ་བཅས་རང་སྐྱོང་ལྗོངས་རིམ་པའི་དོ་དམ་བྱེད་པའི་ཆུ་བོ་དང་མཚེའུ་ཡིན་པ་དང་། འཕན་པོའི་གཙང་པོ་སོགས་བཞུར་རྒྱུད་གཙོ་བོ་དག་གྲོང་ཁྱེར་རིམ་པའི་དོ་དམ་བྱེད་པའི་ཆུ་བོ་དང་མཚེའུ་ཡིན་པ། གཞན་དག་རྫོང་རིམ་པ་དང་དེ་མན་གྱི་དོ་དམ་བྱེད་པའི་ཆུ་བོ་དང་མཚེའུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་ཆུ་བོ་དང་མཚེའུ་ཡི“གང་བྱུང་བཞི་གཙང་སེལ”བྱེད་པའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། 2019ལོའི་ལོ་མཇུག་ཏུ་ཆུ་བོ་དང་འབྲེལ་བ་ཡོད་པའི“གང་བྱུང་བཞིའི”གནད་དོན10དག་ཐེར་ལ་དམ་པོར་དམིགས་ཏེ་ན་ནིང་བར་གནད་དོན10དག་ཐེར་ལེགས་འགྲུབ་བྱས་པ་དང་། དག་ཐེར་བྱེད་ཚད100%ཟིན་པ་རེད། གཞན་ཡང་། 2020ལོར་ཆུ་ལམ་དང་ཞིང་སྡེའི་ཆུ་བོ་དང་མཚེའུ་ཡི་གད་སྙིགས་ཏུན126.9ལྷག་གཙང་སེལ་བྱས་ནས་རྫོང(ཆུས)ཁག་གི་དོ་དམ་ཨུ་ལྷན་གྱི་ཆུ་ལམ་དང་ཞིང་སྡེའི་ཉེ་འཁོར་དུ་གཙང་སེལ་མཐར་ཕྱིན་པ་ཞིག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།