ཉིང་ཁྲིའི་གཙོ་གནད་རྣམ་གྲངས129གཅིག་སྡུད་སྒོས་ལས་མགོ་བསྐྱར་དུ་ཚུགས་པ།

6cafb2f245a64991a33982395f9c26ec.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས2021ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་སྒོས་ལས་མགོ་བསྐྱར་འཛུགས་ཀྱི་མཛད་སྒོ་སྤེལ།

ཐེངས་འདིའི་གཅིག་སྡུད་སྒོས་ལས་མགོ་བསྐྱར་དུ་བཙུགས་པའི་གཙོ་གནད་རྣམ་གྲངས129ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར682.09བཏང་། དེ་འགྲིམ་འགྲུལ་དང་སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་མང་པོ་འབྲེལ་ཡོད། 2021ལོར་མ་དངུལ་སྒོར་དུང་ཕྱུར105.71གཏོང་བའི་འཆར་གཞི་ཡོད་ལ། དེའི་ནང་མཐུད་སྐྲུན་རྣམ་གྲངས85ཡོད་ཅིང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར669.65གཏོང་བ་དང་། 2021ལོར་མ་དངུལ་སྒོར་དུང་ཕྱུར95.76གཏོང་བའི་འཆར་གཞི་ཡོད་ཅིང་། གསར་སྐྲུན་རྣམ་གྲངས44ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར12.44གཏོང་བ་དང་། 2021ལོར་མ་དངུལ་སྒོར་དུང་ཕྱུར9.95གཏོང་བའི་འཆར་གཞི་ཡོད། སྔོན་དཔག་ལྟར་ན། རོང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར3ཡོང་བར་སྐུལ་ཁྲིད་བྱེད་ཐུབ།

ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་སྡེ་ཚོགས་ཉིང་ཁྲིའི་ལས་བྱེད་པའི་ངལ་གསོ་རྟེན་གཞིའི་རྣམ་གྲངས་ཀྱི་འགན་ཁུར་བས་ཐེངས་འདིའི་གཅིག་སྡུད་ལས་མགོ་བསྐྱར་འཛུགས་ཀྱི་མཛད་སྒོ་གོ་སྐབས་སུ་བྱས་ཏེ། སྒྲིག་གཞི་གཙོ་བོ་དང་། མཛེས་ལྗོངས་ལྗང་སྒྱུར། ཞོར་གཏོགས་ལས་གཞིའི་ཨར་སྐྲུན་འཕེལ་རིམ་བཅས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། མ་འོངས་བའི་འཛུགས་སྐྲུན་བརྒྱུད་རིམ་ནང་གཟབ་ནན་དོ་དམ་གྱི་བདེ་འཇགས་འགན་ལེན་དང་། ཚད་ལྡན་ཨར་སྐྲུན་གྱི་སྤུས་ཚད་འགན་ལེན། འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་ཤོས་དང་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་དེ་སྤུས་ལེགས་ལས་གཞི་དང་དམངས་འཚོའི་ལས་གཞིར་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།