ཤི་ལོག་སྒྲོལ་མར་གསེར་གྱི་རྟཊ་མ་ཐོབ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2023 ལོའི་ཟླ 5 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »ཤི་ལོག་སྒྲོལ་མར་གསེར་གྱི་རྟཊ་མ་ཐོབ།
ཤི་ལོག་སྒྲོལ་མར་གསེར་གྱི་རྟཊ་མ་ཐོབ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/9/22ལྟ་ཀློག (1547)རྩོམ་ཁུངས: པར་འདེབ།

      ཟླ་༩འདིའི་ཕྱི་ཚེས་ ཉིན་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཐོག བོད་རིགས་བུ་མོ་ཤི་ལོག་སྒྲོལ་མས་སྤྱི་རྒྱ་ ༦༣ པའི་གྱད་རྩལ་འཇུ་རེས་ཀྱི་འགྲན་སྡུར་ལས་གསེར་གྱི་རྟགས་མ་བླངས་འདུག།
    
ད་ལྟ་གསར་དུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ཉིན་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཐོག བོད་རང་སྐྱོང་ལྗོངས་ཟེར་བའི་ལུས་རྩལ་རུ་ཁག་གི་རང་ལོ་ ༢༦ ཡིན་པའི་བོད་རིགས་བུ་མོ་ཤི་ལོག་སྒྲོལ་མ་ལགས་ཀྱིས། སྤྱི་རྒྱ་ ༦༣ པའི་གྱད་རྩལ་འཇུ་རེས་ཀྱི་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། ཁོ་མོ་ནི་རྒྱལ་ཡོངས་ལུས་རྩལ་འགྲན་སྡུར་ཁྲོད་ཨང་དང་པོ་ལེན་མཁན་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་བ་ཐོག་མ་དེ་ཆགས་ཡོད་འདུག
    
ཤི་ལོག་སྒྲོལ་མ་ལགས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་བུ་སྐྱིད་གྲོང་བརྡལ་གྱི་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་ནས་སྐྱེས་ཤིང་། རང་ལོ་ ༡༥ ཙམ་ནས་བཟུང་གྱད་རྩལ་འཇུ་རེས་ཀྱི་སྦྱོང་བརྡར་བྱེད་མགོ་བརྩམས་ཤིང་། ༢༠༠༥ ལོར་བོད་རང་སྐྱོང་ལྗོངས་ལུས་རྩལ་རུ་ཁག་ནང་འཛུལ་ཞུགས་ཀྱིས་པེ་ཅིན་ལུས་རྩལ་ སློབ་ཆེན་དུ་སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་བྱས། ༢༠༡༠ ལོར་རྒྱལ་ཁབ་གྱད་རྩལ་འཇུ་རེས་ཀྱི་ལུས་རྩལ་བའི་གྲས་སུ་བདམས་ཐོན་བྱུང་ཡོད་པ་དང་། ༢༠༡༡ ལོའི་ཊུར་ཀའེ་(Turkey) ནང་སྐོང་ཚོགས་བྱས་པའི་འཛམ་གླིང་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཁྲོད་བུད་མེད་ཀྱི་སྤྱི་རྒྱ་ ༦༧ པའི་གྱད་རྩལ་འཇུ་རེས་འགྲན་སྡུར་དང་། ད་ལོའི་ཕྱི་ཟླ པའི་ནང་རྒྱ་གར་དུ་ཚོགས་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་བཅས་ལས་ཨང་དང་པོ་ཐོབ་ཡོད་འདུག


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
a7yd བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
33820477
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1