མཚོ་སྔོན་སློབ་ཆེན་ལ་སྐབས་བཅུ་བའིASCའཛམ་གླིང་སློབ་ཆེན་སློབ་མའི་རིམ་འདས་རྩིས་འཁོར་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས10ཉིན། སྐབས་བཅུ་བའིASCའཛམ་གླིང་སློབ་ཆེན་སློབ་མའི་རིམ་འདས་རྩིས་འཁོར་འགྲན་སྡུར་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་དུ་མཇུག་སྒྲིལ་བ་དང་། མཚོ་སྔོན་སློབ་ཆེན་གྱི་རིམ་འདས་རྩིས་འཁོར་ཚོགས་པར་བྱ་དགའ་ཨང་དང་པོ་ཐོབ་ཅིང་། བདེ་བླག་ངང་བསྟུད་མར་སྐབས་གསུམ་པའིASCརྟིང་རྩོད་འགྲན་སྡུར་གྱི་ཨང་དང་པོ་ཐོབ་པ་མ་ཟད། བེད་སྤྱོད་གསར་གཏོད་བྱ་དགའ་ཡང་ཐོབ་ཡོད་པས། བྱ་དགའི་ཚད་བརྒལ་གསར་བ་མངོན་འགྱུར་བྱས།

རྒྱུས་ལོན་པ་ལྟར་ན། སྐབས་བཅུ་བའིASCའཛམ་གླིང་སློབ་ཆེན་སློབ་མའི་རིམ་འདས་རྩིས་འཁོར་འགྲན་སྡུར་ཆེན་མོ་ལ་བསྡོམས་པས་འཛམ་གླིང་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་འཐུས་ཚབ་ཚོགས་པ300ལྷག་གིས་མིང་ཐོ་བཀོད་དེ་ཞུགས་ཡོད་ཅིང་། ཐོག་མའི་འགྲན་སྡུར་བརྒྱུད་དེ་རུ་ཁག24རྟིང་རྩོད་འགྲན་བསྡུར་ཁྲོད་ཞུགས། དེའི་ཁྲོད། ཀྲུང་གོའི་མཐོ་སློབ་རུ་ཁག20ཡུལ་དངོས་ཀྱི་འགྲན་བསྡུར་ཁྲོད་ཞུགས་ཏེ། སློབ་གྲྭ་གཞན་དག་གི་རུ་ཁག་དང་དྲ་ཐོག་ནས་འགྲན་རྩོད་བྱས།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་སློབ་ཆེན་ལ་ཐེངས་འདིར་བེད་སྤྱོད་གསར་གཏོད་བྱ་དགའ་ཐོག་མ་ཐོབ་པ་དེ་ནི2014ལོར་བཙུགས་ཤིང་། དེ་ནི་དམིགས་བསལ་གཏན་འཁེལ་བེད་སྤྱོད་ལེགས་སྒྱུར་ཕྱོགས་ནས་གྲུབ་འབྲས་མངོན་གསལ་བླངས་པའི་རུ་ཁག་ལ་གཟེངས་བསྟོད་བྱ་རྒྱུ་དང་། རིམ་འདས་རྩིས་འཁོར་དང་སློབ་ཚན་གཞན་དག་གི་ནུས་མཐོའི་མཉམ་འདྲེས་ནུས་པར་གཙོ་གནད་དུ་རྟོག་ཞིབ་བྱས་ཏེ། དམིགས་ཡུལ་ནི་ཚན་རིག་རྩིས་རྒྱག་ཁྲོད་ཀྱི་ཆེས་མཆོག་གཤིས་ནུས་དོན་དུ་གཉེར་བ་དང་། དེའི་དཀའ་ཚད་ཤིན་ཏུ་མཐོ་བས། དེ་ནི་མཐོ་སློབ་མང་པོས་འགྲན་རྩོད་ཀྱི་དམིགས་འབེན་དུ་གྱུར་ཡོད། མཚོ་སྔོན་སློབ་ཆེན་རིམ་འདས་རྩིས་འཁོར་ཚོགས་པསASCསོགས་འགྲན་སྡུར་ལ་གོངས་སྦྱོང་བརྡར་གསུམ་བྱས་པ་བརྒྱུད། ཚོགས་པ་འཛུགས་སྐྲུན་དང་མི་སྣ་གསོ་སྦྱོང་ཕྱོགས་ནས་བྱས་རྗེས་གསར་བ་བཞག་པ་དང་གྲུབ་འབྲས་གསར་བ་བླངས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།