[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ནད་སྐྱོང་བ་7ལ་ནན་ཏིང་ཀེར་སྐབས་49པའི་བྱ་དགའ་ཐོབ་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2023-05-14

    ཚེས་12ཉིན། རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ནན་ཏིང་ཀེར་སྐབས་49པའི་བྱ་དགའ་འཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཁབ་22ཀྱི་ནད་སྐྱོང་བ་37ལ་ནན་ཏིང་ཀེར་གྱི་བྱ་དགའ་ཐོབ་པ་རེད། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྩ་འཛུགས་ཀྱིས་དཔྱད་འདེམས་འོས་སྦྱོར་བྱས་པ་བརྒྱུད། རང་རྒྱལ་གྱི་ཕུལ་བྱུང་ནད་སྐྱོང་བ་7ལ་གཟི་བརྗིད་མཚན་སྙན་དེ་ཐོབ་པ་ནི་སྐབས་འདིའི་བྱ་དགའ་འཐོབ་མཁན་མང་ཤོས་ཀྱི་རྒྱལ་ཁབ་རེད། རང་རྒྱལ་གྱི་བྱ་དགའ་འཐོབ་མཁན་བདུན་པོ་དེ་དག་ནི།

    ཁྲེན་ཅིང་།(བུད་མེད)མཚོ་དམག་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་དོས་དྲག་ནད་ལྕིའི་གསོ་རིག་ཚན་ཁག་དང་ཟུངས་ཁྲག་བསིང་བཅོས་ཁང་གི་སྨན་གཡོག་འགོ་འཛིན་གཅིག་ལྕོགས།

    ཞིང་ཧྲའོ་ཡུན།(བུད་མེད)ཧའེ་ནན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་མཛེ་ནད་ཁུལ་གྱི་སྨན་གཡོག་འགོ་འཛིན།

    ལིའུ་ཞའོ་ཅོན།(བུད་མེད)རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་ཁྲའོ་དབྱང་སྨན་ཁང་གི་ཁོག་ནད་ཚན་ཁག་གི་དེ་སྔའི་སྨན་གཡོག་འགོ་འཛིན།

    ཀན་ཞིའུ་ཉི།(བུད་མེད)ཁྲུང་ཆིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་ནད་སྐྱོང་པུའི་ཀྲུའུ་རེན།

    ཀྲའོ་ཞུའེ་ཧུང་།(བུད་མེད)ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་ཞོར་གཏོགས་སྨན་ཁང་དང་པོའི་ནད་སྐྱོང་པུའི་ཀྲུའུ་རེན་གཞོན་པ།

    ཅང་ཡན།(བུད་མེད)སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་ནད་སྐྱོང་པུའི་ཀྲུའུ་རེན།

    ཀྲང་དབྱིང་ཧུད།(བུད་མེད)ཧྲན་ཤིས་གསོ་རིག་སློབ་ཆེན་སྨན་ཁང་གཉིས་པའི་ནད་སྐྱོང་པུའི་ཀྲུའུ་རེན་གཞོན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།