འཚོལ་བཤེར།   
藏文频道
2023ལོའི་ཟླ་5ཚེས་8ཉིན།

༄༅།།ལས་བྱེད་པ་4ཆུར་ལྷུངས་ནས་མ་རྙེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་08ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཚེས་6ཉིན་ནས་ཚེས7ཉིན་བར། ཧྥུའུ་ཅན་ལུང་ཡན་གྲོང་ཁྱེར་གྱི་ཞིན་ལོའོ་ཁུལ་དུ་དྲག་ཆར་ཆེན་པོ་བབས་པ་དང་། ས་གནས་དེ་གའི་ལུང་ཁྲོན་ཆུ་བོ་ཆེས་ཆེར་རྒྱས་པ་རེད། ཚེས7ཉིན་གྱི་ནམ་གུང་གི་ཆུ་ཚོད་1དང་སྐར་མ་40ཡས་མས་སུ། ཞིན་ལོའོ་ཁུལ་ཐའེ་ཧྲན་སྲང་ལམ་ཕིང་ལིན་གྲོང་ཚོ་རུ་ས་གནས་དེ་གའི་ལས་བྱེད་པ་བཞིས་ལུང་ཁྲོན་ཆུ་ཕྲན་ཟམ་པའི་སྟེང་དུ་ཆུའི་གནས་ཚུལ་ལ་ལྟ་ཞིབ་བྱེད་སྐབས། གློ་བུར་དུ་ཟམ་པ་བརྡིབས་པ་དང་། མི་བཞི་ཆུ་རུ་ལྷུངས་ནས་མ་ཪྙེད། ལས་བྱེད་པ་བཞི་པོ་ནི་སྲང་ལམ་གྱི་ལས་བྱེད་པ་གསུམ་དང་གྲོང་ཚོའི་ལས་བྱེད་པ་གཅིག་བཅས་རེད། ལོ་ཆུང་ཤོས་དེ་རང་ལོ་25ཙམ་ཡིན་པ་རེད། 
   དོན་རྐྱེན་བྱུང་རྗེས། ས་གནས་དེ་གས་ལུང་ཡན་གྲོང་ཁྱེར་དང་། ཞིན་ལོའོ་ཁུལ། ཀྲང་ཕིང་གྲོང་ཁྱེར་བཅས་ཀྱི་རོགས་སྐྱོབ་སྟོབས་ཤུགས་མི་500ལྷག་ཙམ་སྒྲིག་འཛུགས་བྱས་ནས། ནུས་ཤུགས་ཡོད་རྒུས་ལམ་རྒྱུད་དུ་འཚོལ་བཤེར་བྱས།