བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་ཁུལ་གྱི་གཙོ་གནད་རྣམ་གྲངས་ཁག་9སྡེབ་གཅིག་ལ་ལས་འགོ་ཚུགས་པ།
བོད་ལྗོངས་ཉིན་རེའི་ཚགས་པར་།
| 2017-04-05 11:17:41
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་3ཚེས་28ཉིན་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་ཁུལ་གྱི་གཙོ་གནད་རྣམ་གྲངས་ཁག་9 སྡེབ་གཅིག་ལ་ལས་འགོ་ཚུགས་ནས་གསར་གཏོད་ཁུལ་འཛུགས་སྐྲུན་དང་གཉེར་སྐྱོང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་མ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཁུལ་དོ་དམ་ཨུ་ལྷན་གྱི་དུས་ཐེངས་དང་པོ་དང་གཉིས་པའི་གྲོང་ཁྱེར་གྱི་གཞུང་ལམ་དང་། ཆུ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་། ཆུ་འདོན་བཟོ་གྲྭ་རིམ་སྤོར་བསྒྱུར་བཀོད། གློག་ཆེན་གློག་སྐུད་སྤོ་བ་སོགས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་སྤྱིར་ལས་མཇུག་འགྲིལ་བ་དང་ཚོང་འགུག་རྣམ་གྲངས་ཁག་28ཡོད་པར་དངོས་སུ་མ་འཇོག་གསར་སྤེལ་གྱི་གྲོས་མཐུན་བཞག་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་100.3གཏོང་རྒྱུ་རེད། ད་རེས་སྡེབ་གཅིག་ལ་ལས་འགོ་ཚུགས་པའི་མཛད་སྒོར་ཞུགས་པའི་རྣམ་གྲངས་ཁག་9ཡི་མ་འཇོག་ཁྱོན་སྒོར་དུང་ཕྱུར་36ཟིན་པའི་ནང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྣམ་གྲངས་6དང་དམངས་འཚོའི་རྣམ་གྲངས་2ཡོད་པ་རེད།
གཞན་ཡང་ཁུལ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་23.9བཏང་བའི“སྲོང་བཙན་ལྷ་ས”དང་“ཉི་མ་town”“བོད་ལྗོངས་དཔེ་སྐྲུན་རིག་གནས་ཐོན་ལས་གླིང”སོགས་མཐུད་བསྐྲུན་རྣམ་གྲངས་6བསྟུད་མར་ལས་འགོ་བསྐྱར་དུ་ཚུགས་ཡོད། གླིང་ཁུལ་དང་དངོས་སུ་མ་འཇོག་གི་གྲོས་མཐུན་བཞག་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་41.2བཏང་བའི“ལྷ་སའི་གློག་བརྙན་བརྙན་འཕྲིན་གྲོང་”དང་“ལྷ་མོའི་གླིང་ཁ”“ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས”སོགས་རྣམ་གྲངས་བཅུ་ལྷག་ཙམ་ཡང་འདི་ལོ་བསྟུད་མར་ལས་འགོ་འཛུགས་རྒྱུ་རེད།
གནམ་མཚོའི་
- ལྷ་རི་རྫོང་གི་སྙེ་བོའི་སྐབས་གསུམ་པའི་ཁམ་བུའི་མེ་ཏོག་དུས་ཆེན་འགོ་ཚུགས་མཛད་སྒོའི་ཟུར་བྲིས།
- ལྷ་ས་གྲོང་ཁྱེར་མེ་ཟོན་སྡེ་ཚན་གྱིས། སློབ་གྲྭའི་ནང་དུ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་པ།
- ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས། ཆབ་མདོ་གྲོང་ཁྱེར་བཟོ་ཚོང་ལྷན་ཚོགས་ཀྱི་གོང་བུ་འགྲིལ་ ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་ཕྱིན་པ།
- ལྷུན་གྲུབ་རྫོང་གིས་གྲོང་ཚོར་བཅའ་སྡོད་ལས་འགན་ཁག་དོན་འཁྱོལ་ཡག་པོ་ཡོང་རྒྱུར་སྐུལ་འདེད་བཏང་བ།
- ལྷ་ས་གྲོང་ཁྱེར་གྱིས“གཤམ་འོག་ཏུ་དྲ་ཚུགས་སྤྱོད་པའི”ལས་ཀའི་གསོ་སྦྱོང་བྱས་པ།
གལ་ཆེའི་གསར་འགྱུར།
-
ལྷ་རི་རྫོང་གི་སྙེ་བོའི་སྐབས་གསུམ་པའི་ཁམ་བུའི་མེ་ཏོག་དུས་ཆེ...
ལྷ་ས་གྲོང་ཁྱེར་མེ་ཟོན་སྡེ་ཚན་གྱིས། སློབ་གྲྭའི་ནང་དུ་མེ་ཟོན་...
ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ...
ལྷུན་གྲུབ་རྫོང་གིས་གྲོང་ཚོར་བཅའ་སྡོད་ལས་འགན་ཁག་དོན་འཁྱོལ་ཡ...
ལྷ་ས་གྲོང་ཁྱེར་གྱིས“གཤམ་འོག་ཏུ་དྲ་ཚུགས་སྤྱོད་པའི”ལས་ཀའི་གས...
བརྙན་མཐོང་།