ཉིང་ཁྲིའི་གཙོ་གནད་རྣམ་གྲངས་129གཅིག་སྡུད་ཐོག་ལས་འགོ་གསར་འཛུགས་དང་བསྐྱར་འཛུགས་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2021-03-26 17:45:15

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱིས་2021ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་གསར་འཛུགས་དང་བསྐྱར་འཛུགས་ཀྱི་མཛད་སྒོ་འཚོགས་པ་རེད།

ད་ཐེངས་ཀྱི་གཅིག་སྡུད་ལས་འགོ་གསར་འཛུགས་དང་བསྐྱར་འཛུགས་བྱེད་པའི་གཙོ་གནད་རྣམ་གྲངས་129ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར་682.09གཏོང་རྒྱུ་ཡིན་པ་དང་། དེ་དག་འགྲིམ་འགྲུལ་དང་། སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་ཅིང་། 2021ལོར་མ་འཇོག་སྒོར་དུང་ཕྱུར་105.71བཏང་ཚར་བ་བྱ་རྩིས་ཡོད་པ་རེད། དེའི་ནང་རྗེས་མཐུད་འཛུགས་སྐྲུན་རྣམ་གྲངས་85ཡོད་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་669.65གཏོང་རྒྱུ་ཡིན་པ་དང་། 2021ལོར་མ་འཇོག་སྒོར་དུང་ཕྱུར་95.76བཏང་ཚར་བ་བྱ་རྩིས་ཡོད་པ། གསར་སྐྲུན་རྣམ་གྲངས་44ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར་12.44གཏོང་རྒྱུ་ཡིན་པ་དང་། 2021ལོར་མ་འཇོག་སྒོར་དུང་ཕྱུར་9.95བཏང་ཚར་བ་བྱ་རྩིས་ཡོད་པ་རེད། སྔོན་དཔག་བྱས་ན་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་3ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་རེད།

ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་བཟོ་ལས་ཚོགས་པ་ཉིང་ཁྲིའི་ལས་བྱེད་པའི་ངལ་གསོ་རྟེན་གཞིའི་རྣམ་གྲངས་ཀྱི་འགན་འཁུར་བས་གཅིག་སྡུད་ལས་འགོ་གསར་འཛུགས་དང་བསྐྱར་འཛུགས་མཛད་སྒོ་གོ་སྐབས་སུ་བྱས་ནས་གྲུབ་ཆ་གཙོ་བོ་དང་མཛེས་ལྗོངས་སྔོ་འགྱུར་དང་དེ་བཞིན་ཞོར་གཏོགས་ལས་གྲྭ་ཨར་སྐྲུན་གྱི་འཕེལ་རིམ་ལ་མགྱོཌ་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།