ལྷུན་གྲུབ་རྫོང་པད་སྟེང་གྲོང་ཚོས། གྲོང་ཚོ་རིམ་པའི་ཏང་ཡོན་གྱི་བྱེད་སྒོ་ཁང་བེད་སྤྱོད་གང་ལེགས་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2020-04-09 11:00:40

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས། ལྷུན་གྲུབ་རྫོང་པད་སྟེང་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་གྲོང་ཚོ་དང་དུད་ཚང་དུ་འགྲོ་སྐབས། མིག་སྔར་སློབ་མ་ཕལ་ཆེ་བ་དྲ་རྒྱ་ནས་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་ཀྱང་ཞིང་དུད་ཁག་གཅིག་དང་ལྷག་པར་དུ་དུད་ཚང་དབུལ་པོའི་ཁྱིམ་ཚང་ལ་དྲ་རྒྱ་མེད་པས། སློབ་མ་ཚོ་རྟག་ཏུ་བརྡ་རྟགས་ལེགས་པའི་ས་ཆར་བསྐྱོད་རྗེས་གཞི་ནས་དྲ་རྒྱ་ནས་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་དྲ་བ་ཡང་ཡང་ཆད་པ་དང་འགག་པ་སོགས་ཀྱི་གནས་ཚུལ་ཐོན་ནས་སློབ་སྦྱོང་གི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད།

གནས་ཚུལ་དེར་དམིགས་ཏེ་ལྷུན་གྲུབ་རྫོང་པད་སྟེང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་དང་གྲོང་ལྷན་གྱིས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ། གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་གྲོང་སྡོད་ལས་དོན་རུ་ཁག་གིས་སྣེ་ཁྲིད་དེ་གྲོང་ཚོའི་ནང་གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་། དྲ་བ་དང་གློག་ཀླད་མེད་པའི་སློབ་མ་གྲལ་བཤེར་བསྡོམས་རྩིས་བྱས་པ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཏང་ཡོན་གྱི་བྱེད་སྒོ་ཁང་གནས་སྐབས“སློབ་ཁང”དུ་སྒྱུར་བཅོས་བྱས་པ་དང་དུས་མཚུངས་གྲོང་ཚོར་ཕྱིར་ལོག་པའི་སློབ་མ་ཚོ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་དུ་དྲ་བའི་སློབ་ཚན་ཉན་པར་ཡོང་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།