༄༅།། ཨ་རིའི་ཙུང་ཐུང་གིས་གཏམ་བཤད་སྤེལ་ནས་ཁས་ལེན་བྱས་དོན། - རྒྱལ་སྤྱིའི་གསར་འགྱུར། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར། >
༄༅།། ཨ་རིའི་ཙུང་ཐུང་གིས་གཏམ་བཤད་སྤེལ་ནས་ཁས་ལེན་བྱས་དོན།
དུས་ཚོད།2023-03-15 16:08:09     རྩོམ་གྱི་ཡོང་ཁུངས། མི་དམངས་དྲ་བ།     ཆུང་། | འབྲིང་། | ཆེ།
    ས་གནས་དེ་གའི་དུས་ཚོད་ཟླ3ཚེས13ཉིན། ཨ་རིའི་ཙུང་ཐུང་གཡོད་སེ་ཕུའུ·པེ་ཏེན་གྱིས་ཀུའེ་ཀུའུ་དངུལ་ཁང་སྒོ་རྒྱག་པ་དང་དེ་བཞིན་མིང་རྟགས་འགོད་མཁན་དངུལ་ཁང(Signature Bank)སྒོ་རྒྱག་རྗེས་ཨ་རི་སྲིད་གཞུང་གི་རྗེས་མཐུད་བྱ་སྤྱོད་ཐད་གཏམ་བཤད་སྤེལ་བ་རེད། པེ་ཏེན་གྱིས་ཨ་རིའི་རྒྱལ་ཚོགས་ཀྱིས་དངུལ་ཁང་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་བླང་བྱ་བཏོན་རྒྱུ་ཡིན་པ་བརྗོད།
    པེ་ཏེན་གྱིས། མིག་སྔར་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བཅོལ་དངུལ་འགན་བཅོལ་ཀུང་སི(FDIC)ཡིས་དངུལ་ཁང་གཉིས་ཀྱི་རྒྱུ་ནོར་རྩིས་ལེན་བདག་སྤྲོད་བྱས་པ་དང་། ཨ་རིའི་ནོར་སྲིད་པུའུ་ཀྲང་ཀྲེན་ཉི་ཐེ·ཡེ་ལུན་དང་དངུལ་ཁང་ལྟ་སྐུལ་དོ་དམ་སྒྲིག་གཞི་ཡིས་ཀྱང་བྱ་སྤྱོད་སྤེལ་ནས། དངུལ་ཁང་དེ་གཉིས་ལ་དངུལ་བཅུག་ཡོད་པའི་མི་དང་ཁེ་ལས་ཆུང་གྲས་སྲུང་སྐྱོང་ཐུབ་པ་ཁག་ཐེག་བྱ་རྒྱུ་དང་། ཁོང་ཚོའི་གསོག་འཇོག་དངུལ་ལམ་ཐོབ་དགོས་ངེས་ཀྱི་རྒྱུ་ནོར་ཐོབ་རྒྱུའི་འགན་ལེན་བྱ་རྒྱུ་བསྟན། པེ་ཏེན་གྱིས་གཏམ་བཤད་སྤེལ་སྐབས། ད་ཐེངས་ཀྱི་དོན་རྐྱེན་དེའི་གྱོང་གུན་ཚང་མ་ཁྲལ་འཇལ་མཁན་གྱིས་འཁུར་མི་དགོས་པ་ཁས་ལེན་བྱས།
    པེ་ཏེན་གྱིས་ད་དུང་དངུལ་ཁང་དེ་གཉིས་ཀྱི་དོ་དམ་རིམ་པའི་ལས་གནས་ནས་ཕྱིར་འབུད་བྱེད་སྲིད་པས། དངུལ་ཁང་དུ་མ་འཇོག་མཁན་ལ་ཉེན་ཁ་འཁུར་ཐུབ་པའི་གྲ་སྒྲིག་ཡོད་སྲིད་པས། སྲིད་གཞུང་གི་སྲུང་སྐྱོང་ཐོབ་མི་སྲིད་ཅེས་དང་། པེ་ཏེན་གྱིས་ངེས་པར་དུ་དངུལ་ཁང་དེ་གཉིས་དཀའ་ངལ་གྱི་གནས་སུ་གྱར་བའི་རྒྱུ་རྐྱེན་ཁྱོན་ཡོངས་ནས་ཤེས་རྟོགས་བྱེད་པ་དང་འབྲེལ་འགན་འཁུར་བའི་འགན་འཁྲི་བདའ་འདེད་བཏང་ནས། གནས་ཚུལ་དེ་རིགས་སླར་ཡང་ཐོན་པའི་ཉེན་ཁ་ཆུང་དུ་བཏང་སྟེ་ཨ་རིའི་དཔལ་འབྱོར་ལ་སྲུང་སྐྱོང་བྱ་དགོས་པ་བསྟན།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།