འཚོལ་བཤེར།   
藏文频道
2023ལོའི་ཟླ་3ཚེས་14ཉིན།

༄༅།།ཨ་རིའི་ཙུང་ཐུང་གིས་གཏམ་བཤད་སྤེལ་ནས་ཁས་ལེན་བྱས་དོན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 03ཚེས་14ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་13ཉིན། ཨ་རིའི་ཙུང་ཐུང་གཡོད་སེ་ཕུའུ·པེ་ཏེན་གྱིས་ཀུའེ་ཀུའུ་དངུལ་ཁང་སྒོ་རྒྱག་པ་དང་དེ་བཞིན་མིང་རྟགས་འགོད་མཁན་དངུལ་ཁང(Signature Bank)སྒོ་རྒྱག་རྗེས་ཨ་རི་སྲིད་གཞུང་གི་རྗེས་མཐུད་བྱ་སྤྱོད་ཐད་གཏམ་བཤད་སྤེལ་བ་རེད། པེ་ཏེན་གྱིས་ཨ་རིའི་རྒྱལ་ཚོགས་ཀྱིས་དངུལ་ཁང་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་རེ་བ་བཏོན་པ།
   པེ་ཏེན་གྱིས། མིག་སྔར་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བཅོལ་དངུལ་འགན་བཅོལ་ཀུང་སི(FDIC)ཡིས་དངུལ་ཁང་གཉིས་ཀྱི་རྒྱུ་ནོར་རྩིས་ལེན་བདག་སྤྲོད་བྱས་པ་དང་། ཨ་རིའི་ནོར་སྲིད་པུའུ་ཀྲང་ཀྲེན་ཉི་ཐེ·ཡེ་ལུན་དང་དངུལ་ཁང་ལྟ་སྐུལ་དོ་དམ་སྒྲིག་གཞི་ཡིས་ཀྱང་བྱ་སྤྱོད་སྤེལ་ནས། དངུལ་ཁང་དེ་གཉིས་ལ་དངུལ་མཛོད་པའི་མི་དང་ཁེ་ལས་ཆུང་གྲས་ལ་སྲུང་སྐྱོང་ཐུབ་པ་དང་། ཁོང་ཚོའི་གསོག་འཇོག་གམ་ཐོབ་དགོས་ངེས་ཀྱི་རྒྱུ་ནོར་རག་རྒྱུའི་འགན་ལེན་བྱ་རྒྱུ་བསྟན། པེ་ཏེན་གྱི་གཏམ་བཤད་སྤེལ་སྐབས། ད་ཐེངས་ཀྱི་དོན་རྐྱེན་དེའི་གྱོང་གུན་ཚང་མ་ཁྲལ་འཇལ་མཁན་གྱིས་འཁུར་དགོས་པ་ཁས་ལེན་བྱས། 
    པེ་ཏེན་གྱིས་ད་དུང་དངུལ་ཁང་དེ་གཉིས་ཀྱི་དོ་དམ་རིམ་པ་ལས་གནས་ནས་ཕྱིར་འབུད་བྱེད་སྲིད་པས། དངུལ་ཁང་གི་མ་འཇོག་མཁན་ལ་མ་གཞི་ཉེན་ཁའི་གྲ་སྒྲིག་ཡོད་སྲིད་པས་སྲིད་གཞུང་གི་སྲུང་སྐྱོང་ཐོབ་མི་སྲིད་ཅེས་བཤད་པ་རེད། པེ་ཏེན་གྱིས་ངེས་པར་དུ་དངུལ་ཁང་གཉིས་དཀའ་ངལ་གྱི་གནས་སུ་གྱར་བའི་རྒྱུ་རྐྱེན་ཁྱོན་ཡོངས་ནས་ཤེས་རྟོགས་བྱེད་པ་དང་འབྲེལ་འགན་འཁུར་བའི་འགན་འཁྲི་བདའ་འདེད་བཏང་ནས། གནས་ཚུལ་དེ་རིགས་ཐོན་པའི་ཉེན་ཁ་ཆུང་དུ་བཏང་སྟེ་ཨ་རིའི་དཔལ་འབྱོར་ལ་སྲུང་སྐྱོང་བྱེད་དགོས་པ་བསྟན།