གཏམ་དཔེ།

ཐོད་པའི་ཁ་ཡིག་ཕྲ་མོ་ན། །

རྒྱུ་བསགས་པའི་བསོད་ནམས་མེད་རུང་། །

ཁ་ལྕེ་པད་མ་འདབ་བརྒྱད་ན། །

གཏམ་བཤད་པའི་འགུགས་ལུང་ཡོད། །

ཞ་བོ་འགྲོ་མེད་ལ་འགྲོ་སློབ། །

གླེན་པ་གཏམ་མེད་ལ་གཏམ་སློབ། །

སྐད་ཆ་ཉག་ཉོག་མིས་མི་གོ །

རྒྱུ་མ་ཉག་ཉོག་ཁྱིས་མི་ཟ། །

གྱོད་འགྲིག་ཚོད་ཤེས་ན་མཁས་པ་ཡིན། །

མ་གནས་ཚོད་ཤེས་ན་བསོད་ནམས་ཡིན། །

ཐབས་མེད་པར་ཐུར་ལ་ལྡིང་། །

རབ་མེད་པར་རྨ་ཆུར་བརྒལ། །

གསེར་ཉི་མའི་འོད་ཀྱིས་རྒྱལ་ཁམས་དྲོས། །

དུང་ཟླ་བའི་འོད་ཀྱིས་མུན་པ་སེལ། །

སྐྱིད་ཀྱི་ཉི་མ་ཀླད་ནས་ཤར། །

སྡུག་གི་མུན་པ་མཐའ་ནས་དྭངས། །

ཝ་དམར་པོའི་གྲ་ཁ་ཡག་སོང་། །

ཆུ་རྨ་ཆུའི་མཐའ་ཁ་དྭངས་སོང་། །

མི་གོ་བ་ཅན་ལ་བཤད་བདེ། །

ཤིང་ར་ལག་ཅན་ལ་འགོ་བདེ། །

ཁ་མི་གྲག་ནོ་གེམ་ཞིག །

རྩྭ་མི་བཟའ་ནོ་སྐྱོན་ཞིག །

《མདོ་སྨད་ཀྱི་གཏམ་དཔེ་དོན་ལྡན་ཕྱོགས་གཅིག་ཏུ་དྲིལ་བ 》ལས་བཏུས།