ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཤའོ་ཡ་ཆིང་ལ་ཉེས་ཆད་བཅད་འདུག

2022-12-20 18:11:00     责编:桑吉卓玛

ཤའོ་ཡ་ཆིང་ལ་ཉེས་ཆད་བཅད་འདུག

       ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་སྤྱི་ཚེས་19ཉིན་གནས་ཚུལ་སྤེལ་བར་གཞིགས་ན། བཟོ་ལས་དང་ཆ་འཕྲིན་ཅན་པུའི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི། པུའུ་ཀྲང་ཤའོ་ཡ་ཆིང་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་སྲིད་དོན་གནས་དབྱུང་གི་ཆད་པ་བཅད་ཡོད་པ་རེད། 
 

 

       ད་ལོའི་སྤྱི་ཟླ་7པའི་ཚེས་28ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར། བློ་མཐུན་ཤའོ་ཡ་ཆིང་ལ་སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞི་ཡོད་པས། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་ཅེས་བསྟན་ཡོད་པ་རེད། 

       ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཤའོ་ཡ་ཆིང་གི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ཐད་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད། 

       ཞིབ་བཤེར་བྱས་པ་བརྒྱུད། ཤའོ་ཡ་ཆིང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་སྐྱུར་བ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་ཏང་གཤིས་ཀྱི་རྩ་དོན་དོར་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་བ། གཞུང་དྲང་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་བཟོ་ཡོད་པའི་གསོལ་སྟོན་དང་ལེན་བྱས་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་མ་མཐའི་མཚམས་ཐིག་ཤོར་བ། ཉེ་གཙང་དབྱེ་བ་མེད་པ། སྒྲིག་འགལ་ངང་མི་གཞན་གྱི་དངུལ་འབོར་ཆེན་བླངས་ཡོད་པ་རེད། 

       ཤའོ་ཡ་ཆིང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ཞིང་།གོ་གནས་ཀྱི་ཁྲིམས་འགལ་ཉེས་པ་བསགས་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ཡང་མཚམས་དང་ཚོད་མ་བཟུང་བས། དེའི་ངོ་བོ་ཚབས་ཆེ་ཞིང་ཤུགས་རྐྱེན་ངན་པ་བཟོས་པས་ཐག་གཅོད་ནན་པོ་བྱ་དགོས། ཤའོ་ཡ་ཆིང་གིས་དུས་ཐུང་ནང་རང་ཉིད་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་དོན་དངོས་ཇི་མ་ཇི་བཞིན་གསལ་བཤད་བྱས་པ་དང་། ནོར་འཁྲུལ་ངོས་ལེན་ཞུས་ཤིང་སྔ་འགྱོད་ཕྱི་འདོམས་བྱས་པ། སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་ཚང་མ་ཕྱིར་སློག་དང་འཇལ་སྤྲོད་བྱས་པ་བཅས་ལ་དམིགས་པ་དང་། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་ཀྱི་རྩ་དོན་གཞིར་བཟུང་། ཁོ་པར་གུ་ཡངས་ཐག་གཅོད་བྱས་ཆོག 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་མ་ཟད་ཀྲུང་གུང་ཀྲུང་དབྱང་ནས་ཆོག་མཆན་ཞུས་རྗེས། ཤའོ་ཡ་ཆིང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་གཏོང་རྒྱུའི་ཐག་བཅད་པ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པར་སྲིད་དོན་གནས་དབྱུང་གི་ཆད་པ་བཅད་དེ། རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་ལ་ཕབ་ནས་ལས་འཁྱུར་ངལ་གསོའི་འགྲོ་ལུགས་གཉེར་རྒྱུའི་ཐག་བཅད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག སྐལ་བཟང་བདེ་སྐྱིད།

སྒྲིག་སྒྱུར། མཚམས་གཅོད།

       

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཤའོ་ཡ་ཆིང་ལ་ཉེས་ཆད་བཅད་འདུག

ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་སྤྱི་ཚེས་19ཉིན་གནས་ཚུལ་སྤེལ་བར་གཞིགས་ན། བཟོ་ལས་དང་ཆ་འཕྲིན་ཅན་པུའི་དེ་སྔའི་ཏང་ཙུའུ་